འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་19ཉིན།

༄༅།།དོན་རྐྱེན་འདིའི་ཁྲོད་མི་13རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་19ཉིན། 15:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་18ཉིན། རྒྱ་གར་མཚོ་དམག་གི་མགྲིན་ཚབ་པས་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག ཉིན་དེར་རྒྱ་གར་འབོམ་སྦེ་ཉེ་འགྲམ་གྱི་མཚོ་ཁོངས་སུ་རྒྱ་གར་མཚོ་དམག་གི་ཁོངས་སུ་གཏོགས་པའི་གྲུ་གཟིངས་ཤིག་ཚོད་འཛིན་མ་ཐུབ་པར་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ལ་རྡུང་ཐུག་བརྒྱབ་པ་དང་། དེའི་རྗེས་སུ་འགྲུལ་སྐྱེལ་གྲུ་གཟིངས་དེ་མགོ་རྟིང་ལོག་ཡོད་པ་རེད།

མིག་སྔའི་བར། དོན་རྐྱེན་དེའི་ཁྲོད་མི་13རྐྱེན་ལམ་དུ་ཤོར་བ་དང་། ཁྱོན་མི་99སྐྱོབ་ཐུབ་ཡོད་པ་རེད།

དོན་རྐྱེན་བྱུང་བའི་སྐབས་སུ། འགྲུལ་སྐྱེལ་གྲུ་གཟིངས་འདི་འབོམ་སྦེ་ཉེ་འགྲམ་གྱི་མིང་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་གླིང་ཕྲན་བྲག་ཕུག་ལ་བསྐྱོད་བཞིན་ཡོད།