འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་19ཉིན།

༄༅།།ཨུ་རུ་སུའི་མེ་འཁོར་རྡུང་ཁ་བརྒྱབ་ནས་མི་27རྨས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་19ཉིན། 13:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་18ཉིན་གྱི་དགོང་མོ་ཨུ་རུ་སུའི་མོར་མན་སི་ཁེ་ཁུལ་གྱི་ཁུལ་དཔོན་གཞོན་པས་ཉིན་དེར་ཁུལ་དེའི་མེ་འཁོར་རྡུང་ཁ་ཤོར་བའི་དོན་རྐྱེན་ནང་རྨས་སྐྱོན་ཕོག་པའི་མི་གྲངས་27བར་མང་དུ་ཕྱིན་ལུགས་གླེང་།

    དེ་ཉིན་སྔ་ཙམ་གྱི་དུས་སུ་ཨུ་རུ་སུའི་མོར་མན་སི་ཁེ་ཁུལ་གྱི་ཁུལ་དཔོན་གྱིས་ཁུལ་དེའི་ལྷོ་རྒྱུད་ཀྱི་འགྲུལ་སྐྱེལ་མེ་འཁོར་ཞིག་དང་ཟོག་འདྲེན་མེ་འཁོར་རྡུང་ཁ་ཤོར་བ་དང་། ལོ་50ཙམ་ལ་སླེབས་པའི་བུད་མེད་འགྲུལ་པ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། ཁོ་མོའི་ཐོབ་ཐང་ཞིབ་ཕྲ་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། འགྲུལ་སྐྱེལ་མེ་འཁོར་དེའི་ཐོག་འགྲུལ་པ་མི་གྲངས་300ལས་བརྒལ་ཡོད་པ་རེད།