གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་18ཉིན། 14:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས་17ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་དྲག་པོའི་སྟོབས་ཤུགས་ཀྱི་འགྱེད་འཕྲོ་དང་། རྫས་འགྱུར། སྐྱེ་དངོས་འགོག་སྲུང་བཅས་དམག་དཔུང་གི་དམག་སྤྱི་ཅི་ལི་ལོ་ཧྥུ་ཉིན་དེར་མོ་སི་ཁོའི་སྡོད་དམངས་ཐོག་ཁང་དུ་འབར་གས་བྱུང་བའི་ཁྲོད་གྲོངས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། འབར་གས་ནི་ཤུད་པང་སྟེང་དུ་བཞག་པའི་འབར་གས་དངོས་རྫས་ལས་བྱུང་བ་དང་། ཅི་ལི་ལོ་ཧྥུའི་ལས་རོགས་ཞིག་ཀྱང་འབར་གས་ཁྲོད་ཚེ་ལས་འདས། ཨུ་རུ་སུའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་འབར་གས་དེའི་ཉེས་དོན་གྱོད་གཞི་ཐོ་རུ་བཀོད་བྱས་པ་རེད།