འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་12ཉིན།

༄༅།།བྷེ་ཨུ་རུ་སུས་འཕུར་མདེལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་བརྗོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་12ཉིན། 15:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་10ཉིན། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་ཡིས་བྷེ་ཨུ་རུ་སུས་སང་ལོའི་ལོ་སྨད་དུ“ཀྲེན་ཧྲུའུ”འཕུར་མདེལ་མ་ལག་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ད་ཆ་གནས་ཡུལ་དང་ས་ཆ་གང་དུ་བཀོད་སྒྲིག་བྱ་རྒྱུར་བསམ་བློ་གཏོང་བཞིན་ཡོད་པ་བཤད། བྷེ་ཨུ་རུ་སུར་འཕུར་མདེལ་བཀོད་སྒྲིག་བྱེད་ཆོག་པའི་ས་ཆ་30ཙམ་ཡོད་པ་དང་། བྷེ་ཨུ་རུ་སུས་དེའི་ནང་གི་དམིགས་ཚད་དང་བར་ཐག་ཐུང་ཤོས་ཀྱི་ས་ཆར་བཀོད་སྒྲིག་བྱ་རྒྱུ་མ་ཟད། རྡུང་རྡེག་གཏོང་བའི་དམིགས་ཚད་རང་བདག་ངང་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བཤད།

ལུའུ་ཁ་ཧྲེན་ཁོ་ཡིས་ནན་བཤད་བྱས་དོན། བྷེ་ཨུ་རུ་སུས“ཀྲེན་ཧྲུའུ”འཕུར་མདེལ་མ་ལག་བཀོད་སྒྲིག་བྱེད་པ་ནི་ཨ་རི་དང་འཇར་མན་གྱིས་ཡོ་རོབ་གླིང་དུ་འབྲིང་རིམ་མཚོན་ཆ་བཀོད་སྒྲིག་བྱེད་པར་རྒོལ་ལན་བསློགས་པ་ཡིན་ཞེས་བཤད།