གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་12ཉིན། 14:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2024ལོའི་ཟླ་12ཚེས་11ཉིན་གྱི་སྔ་དྲོར། ཧུའུ་པེ་ཞིང་ཆེན་ཞན་ཉིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐབས་བརྗེའི་གྲ་སྒྲིག་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་ཟུར་པ་དང་། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ལིའུ་དབྱི་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་བ་ལིའུ་དབྱི་ལ་ལྐོག་རྔན་བླངས་པའི་ཉེས་གསོག་ཐོག་ནས་དུས་བཀག་བཙོན་འཇུག་ལོ་11བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་སུམ་བརྒྱ་དྲུག་ཅུ་གཅོད་རྒྱུ་དང་། ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་ཁྲིམས་ལྟར་བདའ་འདེད་བཏང་སྟེ་རྒྱལ་མཛོད་ལ་འབུལ་བྱ་རྒྱུ་དང་། མི་འདང་བའི་ཆ་མུ་མཐུད་བདའ་འདེད་གཏོང་རྒྱུ་རེད།