འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་12ཉིན།

༄༅།།འགྲོ་བ་མིའི་ཐོབ་ཐང་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་12ཉིན། 14:42】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཨ་རིའི་ཚོང་དོན་པུའུ་ཡིས་“འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་གཏོང་བར་”ཁ་གཡར་ནས་ཀྲུང་གོའི་ཚན་རྩལ་མཐོ་བའི་ཁེ་ལས་གཉིས་“དངོས་ཚན་གསལ་ཐོའི་”ནང་བཅུག་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་11ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་བཀག་སྡོམ་ཟེར་བ་ནི་མངོན་སུམ་འཛེམ་མེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ཚན་རྩལ་མཐོ་བའི་ཁེ་ལས་ལ་རྡུང་རྡེག་བཏང་བ་ཞིག་ཡིན་ལ། ཨ་རི་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ་ནི་རྫུན་མ་ཡིན་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་འཕྲོག་པ་ངོ་མ་རེད། གཡོ་ཐབས་འདིའི་རིགས་ལམ་ལྷོང་ཡོང་མི་སྲིད་ཅེས་བཤད།

“ཨ་རི་ཕྱོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་དངོས་གནས་སེམས་ཁུར་བྱེད་ན། ཐོག་མར་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་‘ཆད་དངུལ་’གསབ་དགོས་པ་ལས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་ནས། གང་སར་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གནོད་འཚེ་གཏོང་མི་རུང་”ཞེས་བཤད།