གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་12ཉིན། 13:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་10ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུས་ཉིང་རྡུལ་གཞུང་ལུགས་རིམ་སྤོར་བྱས་མེད་པར་ལེགས་བཅོས་བྱས་ཡོད་ཅེས་བརྗོད་པ་རེད། སྤྱི་ཡོངས་ནས་བཤད་ན། ཨུ་རུ་སུས་ད་ལྟ་ལེགས་བཅོས་བྱེད་དགོས་པ་ནི་ཉིང་རྡུལ་གྱི་གཞུང་ལུགས་མ་ཡིན་པར། “ཀྲེན་ཧྲུའུ”འཕུར་མདེལ་མ་ལག་དེ་རེད། དོན་དངོས་སུ། གྲངས་ཚད་འདང་བའི་“ཀྲེན་ཧྲུའུ”དེང་རབས་མཚོན་ཆའི་མ་ལག་ཡོད་ཚེ་ཕལ་ཆེར་ཉིང་རྡུལ་མཚོན་ཆ་བཀོལ་སྤྱོད་བྱེད་མི་དགོས།
ཕུའུ་ཅིང་གིས་ཨུ་རུ་སུས་ཕྱོགས་ཚང་མའི་ཐད་ཧ་ཅང་གཟབ་ནན་དང་ཐ་ན་བཟོད་སྒོམ་བྱས་ཡོད། འོན་ཀྱང་། དགོས་པ་ཡོད་སྐབས་ཨུ་རུ་སུས་རྒྱལ་ཁབ་ཀྱི་རིམ་པ་དང་ཨུ་རུ་སུའི་སྤྱི་དམངས་ཀྱི་རིམ་པའི་ཐོག་ནས་དགོས་ངེས་ཀྱི་འདོད་བློ་སྟོན་སྲིད།