གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་12ཉིན། 13:13】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དབྱི་ཐ་ལིའི་རོགས་སྐྱོབ་རྩ་འཛུགས་ཤིག་གིས་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་བསྟན་དོན། ཉིན་དེའི་ཐོ་རེངས་སུ། རྩ་འཛུགས་དེས་ལན་ཕེ་ཏུའུ་ས་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་ནས་ལོ་11ལ་སླེབས་པའི་བུ་མོ་ཞིག་བསྐྱབས་པ་དང་། ཁོ་མོས་རང་ཉིད་སྡོད་པའི་ཁྲིམས་འགལ་གནས་སྤོས་ཡུལ་མིའི་གྲུ་གཟིངས་དེ་མགོ་རྟིང་ལོག་ཅིང་། གྲུ་གཟིངས་ཐོག་གི་མི་40ལྷག་ཙམ་མཚོར་ལྷུངས་ཡོད་ཅེས་བཤད་པ་རེད། དབྱི་ཐ་ལིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་འཚོལ་སྐྱོབ་ཀྱི་བྱ་སྤྱོད་སྤེལ་རུང་། གྲུ་གཟིངས་ཀྱི་ཆག་རོ་དང་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་རྙེད་མེད་ཅེས་བཤད་པ་རེད།