འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་11ཉིན།

༄༅།།འགོ་ཁྲིད་འདི་ལོ་7ལ་བཙོན་འཇུག་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་11ཉིན། 16:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

2024ལོའི་ཟླ་12ཚེས་10ཉིན་གྱི་སྔ་དྲོར། ཧུའུ་པེ་ཞིང་ཆེན་ཧྲི་ཧྲོའུ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོས་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་འཐབ་ཇུས་འཆར་འགོད་པུའི་དེ་སྔའི་པུའུ་ཀྲང་ཆི་ཅུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་ཆི་ཅུན་གྱིས་ལྐོག་རྔན་བླངས་པའི་ཉེས་གསོག་ཐོག་ནས་དུས་བཀག་བཙོན་འཇུག་ལོ་7བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་དྲུག་ཅུ་གཅོད་རྒྱུ་དང་། དེས་ལྐོག་རྔན་བླངས་ནས་ཐོབ་པའི་རྒྱུ་ནོར་ཁྲིམས་ལྟར་བདའ་འདེད་བཏང་སྟེ་རྒྱལ་མཛོད་ལ་གོང་འབུལ་བྱ་རྒྱུ་རེད།