གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་10ཉིན། 13:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ད་ལམ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལ་སིང་ཀ་ཕོར་དང་ཞང་ཀང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་མཁའ་ལམ་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་། དེའི་ནང་། སིང་ཀ་ཕོར་གྱི་མཁའ་ལམ་ཟླ་12ཚེས་20ཉིན་ཐོག་མར་འཕུར་རྒྱུ་རེད། འདི་ནི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཏུ་འགྱུར་རྒྱུ་རེད།