འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་9ཉིན།

༄༅།།རྒྱལ་ཁབ་འདིའི་རྒྱལ་སྲུང་པུའུ་ཀྲང་ཟུར་པ་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་09ཉིན། 10:39】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་ཚེས་8ཉིན་བརྟག་དཔྱད་བྱས་པ་མ་ཟད་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཟུར་པ་ཅིན་ལུང་ཞན་འཕྲལ་མར་བཟུང་།

ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཞིབ་དཔྱོད་ཕྱོགས་ཀྱིས་བཙུགས་པའི་དམིགས་བསལ་བརྟག་དཔྱད་སྡེ་ཁག་གིས་ཚེས་8ཉིན་གྱི་སྔ་དྲོར་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཟུར་པ་ཛ་དྲག་ངང་བཟུང་བ་མ་ཟད། ཁོ་པའི་ལག་ཐོགས་ཁ་པར་ལ་ཞིབ་བཤེར་བྱས་པ་རེད།

ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས་5ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ནས་ཅིན་ལུང་ཞན་ལ་“ནང་འཁྲུག་གི་ནག་ཉེས་”བཟོས་པའི་དོགས་ཡོད་པས་རྒྱལ་མཚམས་ནས་བརྒལ་མི་ཆོག་པའི་བཀའ་རྒྱ་བཏང་བ་རེད།