གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 12ཚེས་06ཉིན། 16:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས(ཨོ་ཕེ་ཁེ)ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་གསལ་བསྒྲགས་སྤེལ་ནས། ཨོ་ཕེ་ཁེ་དང་ཨོ་ཕེ་ཁེ་མིན་པའི་སྣུམ་ཐོན་རྒྱལ་ཁབ་8ཀྱིས་ཟླ་12པའི་ཟླ་མཇུག་ཏུ་དུས་ཚོད་ཐིམས་པའི་རང་མོས་ངང་ཐོན་ཚད་ཉིན་རེར་ཆ་སྙོམས་ཟོམ་ཁྲི་220ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་2025ལོའི་ཟླ་3པའི་ཟླ་མཇུག་བར་རིང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།
གསལ་བསྒྲགས་ནང་། སོ་ཏི་ཨ་རབ་དང་། ཨུ་རུ་སུ། དབྱི་རག ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁུ་ཝེ་ཐེ། ཧ་སག་སི་ཐན། ཨར་ཅི་ལི་ཡ། ཨ་མན་བཅས“ཨོ་ཕེ་ཁེ་+”ཁོངས་ཞུགས་རྒྱལ་ཁབ་8ཀྱིས་རང་མོས་ངང་ཐོན་ཚད་ཆག་པའི་བྱེད་ཐབས་ཇེ་རིང་དུ་གཏོང་རྒྱུའི་ཐག་བཅད་པ་རེད།
གོང་དུ་བརྗོད་པའི་རྒྱལ་ཁབ་8ཀྱིས་ཆེས་ཐོག་མར་2023ལོའི་ཟླ་11པར་རང་མོས་ངང་ཐོན་ཚད་ཉིན་རེར་ཆ་སྙོམས་ཟོ་བ་ཁྲི་220ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཁྱབ་བསྒྲགས་བྱས་རྗེས་ཐེངས་འགར་དུས་ཡུན་ཇེ་རིང་དུ་བཏང་ཡོད།