འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་4ཉིན།

༄༅།།ཛ་དྲག་གི་དྲན་སྐུལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་04ཉིན། 14:39】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཁོ་རེ་ཡ་ལྷོ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་ཐོ་རེངས་སུ་བརྡ་ཐོ་བཏང་ནས། ཁོ་རེ་ཡ་ལྷོ་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།

ཁོ་རེ་ཡ་ལྷོ་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཁོ་རེ་ཡ་ལྷོ་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཡིད་རྣལ་དུ་ཕབ་ནས། ཁོ་རེ་ཡ་ལྷོ་མའི་ཆབ་སྲིད་ཀྱི་གནས་བབ་འགྱུར་ལྡོག་ལ་དོ་ཁུར་དང་། བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ། དགོས་པ་མེད་ཚེ་ཕྱི་རུ་ཉུང་ཙམ་བསྐྱོད་པ། ཆབ་སྲིད་ཀྱི་བསམ་འཆར་གཟབ་ནན་གྱིས་འདོན་པ། ཁོ་རེ་ཡ་ལྷོ་མའི་གཞུང་ཕྱོགས་ནས་ཁྱབ་བསྒྲགས་བྱས་པའི་ཆབ་སྲིད་ཀྱི་བཀའ་རྒྱ་བརྩི་སྲུང་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

ཚེས་3ཉིན་གྱི་དགོང་མོར། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་དབྱི་ཞི་ཡེ་ཡིས་ཉེན་ཟོན་དམ་བསྒྲགས་བྱས། ཉེན་ཟོན་དམ་བསྒྲགས་ཀྱི་དམག་སྤྱིས་བཀའ་རྒྱ་ནན་པོ་ཁྱབ་བསྒྲགས་བྱས་ནས། ཆབ་སྲིད་ཀྱི་བྱེད་སྒོ་མཐའ་དག་བཀག་སྡོམ་བྱེད་པ་དང་ཆབས་ཅིག དམངས་ཚོགས་དཀྱུས་མའི་རྒྱུན་ལྡན་གྱི་འཚོ་བར་འགན་སྲུང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།