འཚོལ་བཤེར།   
藏文频道
2024ལོའི་ཟླ་12ཚེས་2ཉིན།

༄༅།།ཡུལ་སྐོར་སྣེ་ཤན་པ་3ལ་ཁྲིམས་ཆད་ནན་མོ་བཅད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 12ཚེས་02ཉིན། 13:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

 ཧེ་ལུང་ཅང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་དོན། ཡུལ་སྐོར་སྣེ་ཤན་པ་3གྱིས་བཙན་གྱིས་ཉོ་ཚོང་བྱེད་དུ་བཅུག་པའི་དབང་གིས་སྲིད་འཛིན་སྡེ་ཁག་གིས་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པ་བཟོས་འདུག

ཡུལ་སྐོར་སྣེ་ཤན་པ་ཆའོ་ཆེ་གེ་མོ་དང་། ཀའོ་ཆེ་གེ་མོ། སུང་ཆེ་གེ་མོ་གསུམ་པོས་ཧའར་པིན་ནས་ཡ་པུའུ་ལི་དང་

གངས་ཡུལ་ལ་བསྐྱོད་པའི་ལམ་བར་དུ། སྐད་ཆའི་ལམ་ནས་བཙན་ཤེད་ཀྱིས་ཡུལ་སྐོར་བར་རང་གིས་འགྲོ་སོང་གཏོང་བའི་རྣམ་གྲངས་ཉོ་རུ་བཅུག ཆའོ་ཆེ་གེ་མོ་དང་སུང་ཆེ་གེ་མོ་གཉིས་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་ཉེས་པ་བསགས་པར་བརྩིས་ནས་དུས་བཀག་བཙོན་འཇུག་ཟླ་བདུན་གྱི་ཁྲིམས་ཐག་བཅད་པ་དང་། དངུལ་ཆད་སྒོར་7000བཅད། ཀོ་ཆེ་གེ་མོ་ལ་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་བཅུག་པའི་བྱས་ཉེས་ལྟར་དུས་བཙོན་ཟླ་བདུན་གྱི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་སྒོར་6000བཅད་པ་རེད། མི་3པོས་ཁྲིམས་འགལ་ཚབས་ཆེན་བྱས་པས་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་དེར་ཡུལ་སྐོར་སྣེ་ཤན་པའི་དཔང་ཡིག་ཕྱིར་བསྡུ་བའི་སྲིད་འཛིན་གྱི་ཆད་པ་བཅད།