འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་29ཉིན།

༄༅།།སྨྱུག་རིང་རྐང་འགྲོས་འགྲན་ཐོག་གི་མྱུར་ཚད་དང་ངར་ཤུགས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་29ཉིན། 10:40】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    

ཟླ་11ཚེས་24ཉིན་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ལུས་རྩལ་མྱུར་ཚད་འགྲན་བསྡུར་གྱི་རྣམ་གྲངས་ཧའེ་ནན་ཞིང་ཆེན་སན་ཡ་ལག་རྩལ་པའི་སློབ་གླིང་གི་ལུས་རྩལ་ཐང་དུ་གཉེར་བ་རེད།

    སྨྱུག་རིང་རྐང་འགྲོས་འགྲན་པར་“རྐང་རིང་གི་རྟ་”ཡང་ཟེར། ཧུའུ་ནན་དང་། ཧུའུ་པེ། ཀུའེ་ཀྲུའུ། ཡུན་ནན། ཀོང་ཏུང་སོགས་པའི་ས་ཆར་དར་ཞིང་། སྔོན་ཆད་ཐུའུ་ཅ་རིགས་དང་མེའོ་རིགས་ཀྱིས་ཆར་དུས་སུ་ཆུ་བརྒལ་བའི་ལག་ཆ་ཞིག་རེད། རྗེས་སུ་མི་རྣམས་ཀྱིས་སྨྱུག་རིང་རྐང་འགྲོས་དེ་འཕེལ་རྒྱས་བཏང་ནས་མགྱོགས་མྱུར་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

     ཉིན་དེའི་ལུས་རྩལ་འགྲན་ཚོགས་ཀྱི་སྨྱུག་རིང་རྐང་འགྲོས་འགྲན་བསྡུར་རྣམ་གྲངས་ལ་དབྱེ་ན་སྐྱེས་པར་སྨི་100དང་། སྨི་200 སྨི་400བཅས་དང་། བུད་མེད་ལ་སྨི་100དང་། སྨི་200དང་། སྨི་400 སྐྱེས་པ་དང་བུད་མེད་མཉམ་བསྲེས་སྨི་4 X100་ཡོད་ཅིང་། འགྲན་རར་ལུས་རྩལ་པ་ཚོས་ལག་གཉིས་ཀྱིས་སྨྱུག་རྐང་རེ་བཟུང་ནས་“མྱུར་ཚད་དང་ངར་ཤུགས་”འགྲན་བསྡུར་བྱས་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། སྨྱུག་རིང་རྐང་འགྲོས་མྱུར་ཚད་འགྲན་བསྡུར་ནི་སྤྱིར་བཏང་གི་མཆོང་རྒྱུག་འཕེན་གསུམ་གྱི་རྒྱུག་ཤར་དང་མི་འདྲ་སྟེ་མཆོང་རྒྱུག་འཕེན་གསུམ་གྱི་རྒྱུག་ཤར་ནི་ལག་པ་གཡས་པ་བརྐྱངས་ནས་རྐང་པ་གཡོན་པ་སྤོ་བ་དང་། ཤིང་རིང་རྐང་འགྲོས་འགྲན་བསྡུར་ནི་སྨྱུག་རྐང་སྟེང་དུ་རྐང་པ་བསྡམས་ནས། ལུས་རྩལ་པས་གོམ་པ་སྤོ་སྐབས་རྐང་པ་བསྡམས་དགོས་པ་མ་ཟད། རྒྱུག་ཤར་གློད་སྐབས་ལག་པས་ཀྱང་སྨྱུག་རྐང་བཟུང་ནས་རྒྱུག་ཤར་གློད་དགོས་ཀྱི་ཡོད། དེར་བརྟེན་རྐང་ལག་གཉིས་ཀ་སྤྱོད་པའི་འགྲན་བསྡུར་རྣམ་གྲངས་དེར་ལྟད་མོ་ཧ་ཅང་ཆེན་པོ་ཡོད་པ་རེད།