རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་·འགྲན་རའི་ཐད་གཏོང་འགྲན་བསྡུར།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་28ཉིན། 13:53】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།
ཟླ་11ཚེས་25ཉིན་གྱི་ཆུ་ཚོད་15ཡི་ཐོག སྐབས་བཅུ་གཉིས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་མི་རིགས་ལུས་སྦྱོང་ལུས་རྩལ་གྱི་རང་འདེམས་ཐབས་ལམ་གྱི་རེས་སྐོར་དང་པོའི་འགྲན་བསྡུར་དེ་ལྷོ་ནུབ་སློབ་ཆེན་སན་ཡ་སློབ་འབྲིང་གི་ལུས་རྩལ་ཁང་དུ་འཚོགས་པ་རེད།
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཧྲན་ཞི་ཞིང་ཆེན་གྱི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།
སྟངས་སྟབས་མྱུར་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་རོལ་དབྱངས་གྲགས་པ་དང་། ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་པའི་ལུས་རྩལ་པ་ཚོས་ལྡེམ་མྱུར་འཁྱུག་པའི་ངང་ཞབས་བྲོ་འཁྲབ་པ། སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཉམས་འགྱུར་ལས་ལྟད་མོ་བ་ཚོའི་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་པར་ལེན་བྱས།
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཅི་ལིན་ཞིང་ཆེན་གྱི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།
ཤེས་རྟོགས་བྱུང་བར་གཞིགས་ན། ལུས་རྩལ་དེས་ལུས་སྦྱོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་། མི་རིགས་ཞབས་བྲོ་དང་ལུས་སྦྱོང་ལུས་རྩལ་ཟུང་དུ་སྦྲེལ་བས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་དེང་རབས་ལུས་སྦྱོང་ལུས་རྩལ་མཉམ་འདྲེས་ཡག་པོ་བྱུང་ཡོད་པ་རེད། གཟུགས་མཛེས་ལུས་རྩལ་གྱི་སྤྱིར་བཏང་ཁྱད་ཆོས་ལྡན་པ་ཕུད། གྱོན་ཆས་དང་། འགུལ་སྟངས་སྒྲིག་སྦྱོར། རོལ་དབྱངས་འདེམས་སྦྱོར་སོགས་ཀྱི་ཐད་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་ཡོད། དེས་གཟུགས་གཞི་བདེ་ཐང་དང་ལུས་སེམས་ལ་སྤྲོ་སྣང་སྦྱིན་ཐུབ་པ་མ་ཟད། ད་དུང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཉམས་འགྱུར་ཡང་ཚོར་ཐུབ་པས་ལྟད་མོའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཧུའུ་ནན་ཞིང་ཆེན་གྱི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།
མི་རིགས་ལུས་སྦྱོང་ལུས་རྩལ་རྣམ་གྲངས་ཀྱི་ཧྲང་ཧའེ་ཡི་འཐུས་མི་རུ་ཁག་གིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།