འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་28ཉིན།

༄༅།།ཟླ་12པར་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་27ཉིན། 17:06】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར། སྤྱི་བདེ་པུས་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་དང་མཉམ་འབྲེལ་ཐོག་《གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཐབས་》དཔར་འགྲེམས་བྱས་ནས། ཟླ་12ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། 《ཆད་གཅོད་བསླབ་འདོམས་བྱ་ཐབས་》ལ་ཁྱོན་དོན་ཚན་18ཡོད་པ་དེའི་ནང་གཙོ་བོ་ཆད་གཅོད་བསླབ་འདོམས་ཀྱི་རྩ་དོན་དང་། ཆད་གཅོད་བསླབ་འདོམས་བྱ་ཡུལ། ཆད་གཅོད་བསླབ་འདོམས་བྱ་ཐབས། རིམ་དབྱེ་ཆད་གཅོད། ཆད་གཅོད་བསླབ་འདོམས་ཀྱི་གོ་རིམ། རྒྱུ་མཚན་ཞུ་འབུལ་ཞིབ་བཤེར་སོགས་ཕྱོགས་6གི་ནང་དོན་ཚུད་ཡོད།