གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་27ཉིན། 17:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་ཀུན་དགའ་རབ་བརྟན(གཡོན་གྱི་གཉིས་པ)དང་ཁོང་གི་དགེ་ཕྲུག་ཚོས་རྫ་ཆས་བཟོ་བཞིན་པ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་དུ་ཀུན་དགའ་རབ་བརྟན་གྱིས་ཁྲེང་ཏུའི་བཟའ་བཏུང་ཁེ་ལས་ཤིག་གིས་མངགས་པའི་རྫ་ཆས་ནག་པོ་བཟོ་བཞིན་ཡོད། འདི་ལོ་ལོ་39ལ་སླེབས་པའི་ཁོང་ནི་སི་ཁྲོན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་ཤོར་རྫ་ཆས་ནག་པོའི་རྒྱུན་འཛིན་པ་དང་སྨན་ཤོར་ས་གནས་ཀྱི་རྫ་ནག་འཁོར་ཁང་འཛུགས་མཁན་ཡང་ཡིན།
ས་བབ་མཐོ་ཚད་ལ་སྨི་3000ལྷག་ཟིན་པའི་སི་ཁྲོན་ནུབ་རྒྱུད་ས་མཐོར་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་པ་མང་པོ་འདུས་ཡོད། ཁོང་ཚོས་ཕ་ཡུལ་དུ་གཞི་ཚུགས་ནས་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་རྒྱུན་འཛིན་བྱས་ཤིང་། རྫ་ཆས་བཟོ་བ་དང་། ཟངས་ཆས་རྡུང་བ། བལ་ལས་འཁེལ་འཐག ཐང་ག་བཞེངས་པ་སོགས་བྱེད་ཀྱི་ཡོད།
འདི་ནི་ཀུན་དགའ་རབ་བརྟན་གྱིས་རང་ཉིད་ཀྱིས་བཟོས་པའི་རྫ་ཆས་སྟོན་བཞིན་པ།