རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཚ་ཚ་འུར་འུར་ངང་སྤེལ་བ།
འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ལུང་ཧྥེ་དང་། ཏུང་ཙེ་དབྱང་། ལིའུ་པོ་ཐུང་།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་27ཉིན། 09:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་11ཚེས་24ཉིན་ཧའེ་ནན་སན་ཡཱ་རུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་ཐེ་པེད་རྣམ་གྲངས་ཀྱི་འགྲན་བསྡུར་འཁྲུག་པོ་བྱས་ཡོད།
ཟླ་11ཚེས་24ཉིན་གྱི་མི་གསུམ་གྱི་ཐེ་པེད་ཀྱི་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ནང་སྲོལ་རྒྱུན་གྱི་རུ་ཁག་སྟོབས་ཆེན་ཀོང་ཏུང་རུ་ཁག་གིས་ཤང་ཀང་རུ་ཁག་དང་འགྲན་བསྡུར་ཛ་དྲག་པོ་བྱས་ནས་སྐབས་ཤིག་རིང་རྒྱལ་ཕམ་ཐག་གཅོད་དཀའ་བའི་གནས་སུ་གྱར། མཐར་ཀོང་ཏུང་རུ་ཁག་གིས་21:17དང་21:15ཡི་གྲུབ་འབྲས་ཐོག་ནས་བསྟུད་མར་རྒྱལ་ཁ་ཐེངས་གསུམ་བླངས། ཀོང་ཏུང་རུ་ཁག་གི་རུ་སྣེ་འཁྲིད་མཁན་ལུང་མིང་གིས་མིག་ཟུང་འགྲན་རར་ཅེ་རེར་ལྟ་བཞིན་དུ“ལོ་འདི་དག་རིང་དཔུང་ཁག་ཁག་གི་ཆུ་ཚད་མཐོ་རུ་ཕྱིན་ནས་འགྲན་བསྡུར་གྱི་དཀའ་ཚད་ཆེ་རུ་འགྲོ་གི་འདུག”ཅེས་བཤད།
ཀོང་ཏུང་གི་སྤྱི་གླིང་དང་སྡེ་ཁུལ་དུ་རྒྱུན་གཏན་ནས་ཐེ་པེད་རྒྱག་མཁན་མཐོང་རྒྱུ་ཡོད། ཚོན་མདོག་སྣ་ལྔའི་ཐེ་པེད་རྒྱག་སྐབས་མི་རྣམས་རོལ་རྩེད་དེའི་སྤྲོ་སྣང་ཅི་དགར་རོལ་བཞིན་ཡོད། ལུང་མིང་གིས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་གོ་ཐེ་པེད་མཐུན་ཚོགས་ཀྱིས་ཀོང་ཏུང་ཞིང་ཆེན་གྱི་ཐེ་པེད་མཐུན་ཚོགས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོར་ཐེངས་མང་མངགས་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད། “ཐེ་པེད་རྒྱག་བདེ་ལ་སྤྲོ་སྣང་ལྡན་པ་ཞིག་ཡོད། ཀོང་ཏུང་དུ་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད”
“ཀོང་ཏུང་དུ་སློབ་ཆུང་ནས་སློབ་ཆེན་བར་ཐེ་པེད་རྒྱག་པའི་ལུས་རྩལ་སློབ་ཚན་དང་། བྱེད་སྒོ། འགྲན་བསྡུར་སོགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་སྤྱིར་ན་མི་ཚང་མས་རྒྱག་ཤེས་ཀྱི་ཡོད”ལུང་མིང་གིས་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་མཁན་ཀོང་ཏུང་རུ་ཁག་གི་རུ་མི་མང་ཆེ་བ་བྱིས་དུས་ནས་ཐེ་པེད་ལ་དགའ་པོ་ཡོད་མཁན་ཤ་སྟག་རེད་ཅེས་བཤད།
2021ལོའི་ཧྲའན་ཤིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཐེ་པེད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་ཐོག་མར་གྱུར་ཡོད། ད་ཆ་ཀོང་ཤིས་དང་། ཧུའུ་པེ། ཧྲའན་ཤིས། ཐེན་ཅིན། པེ་ཅིང་སོགས་སུ་ཐེ་པེད་མགྱོགས་མྱུར་ཁྱབ་གདལ་ཕྱིན་པ་དང་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། ལུང་མིང་གིས“ཐེ་པེད་ལུས་རྩལ་གྱིས་མི་རྣམས་ལ་བདེ་ཐང་དང་སྤྲོ་སྣང་སྦྱིན་ནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད”ཅེས་བཤད།