འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་26ཉིན།

ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད།

༄༅།།《ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གནད་བསྡུས》དམག་ཡོངས་ལ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་26ཉིན། 10:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ནས་ཁྲིམས་ལྟར་དམག་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་གནད་བསྡུས》(གཤམ་དུ《གནད་བསྡུས》ཞེས་བསྡུ་རྒྱུ)ཉིན་ཤས་གོང་དམག་ཡོངས་ལ་དངོས་སུ་བཀྲམ་པ་རེད།

     《གནད་བསྡུས》ཀྱི་ནང་དོན་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་11ནས་2024ལོའི་ཟླ་6པའི་བར་གྱི་གསུང་བཤད་དང་སྙན་སྒྲོན་སོགས་ཀྱི་རྩོམ་ཡིག་གལ་ཆེན་ནས་གནད་བསྡུས་བྱས་པ་དང་ཆེད་དོན་10ལ་ཕྱེ་ནས་ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། ཆོད་གཏམ་གསར་པ་བཅས་གཅིག་སྡུད་ཐོག་མཚོན་པར་བྱས་ཡོད།

     ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་བརྡ་ཐོ་བཏང་སྟེ《གནད་བསྡུས》སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་རིམ་པ་ཁག་ལ་གོ་བ་ལོན་པར་བྱེད་དགོས་པ་དང་། ཁོང་དུ་ཆུད་པར་བྱེད་དགོས་པ། དངོས་སུ་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཁྲིམས་ལྟར་དམག་སྐྱོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱ་རྒྱུ་དེ། དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དགོངས་པ་སློབ་སྦྱོང་ལག་བསྟར་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་མ་ལག་ཁྲོད་བཞག་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཁྲིམས་ལྟར་དམག་སྐྱོང་གི་འཐབ་ཇུས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། གཞི་རྩའི་དགོངས་དོན་གསལ་པོ་རྟོགས་པ་དང་། ལྟེ་བའི་སྙིང་དོན་ཁོང་དུ་ཆུད་པ། ལག་ལེན་གྱི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས་པའི་བླང་བྱའང་བཏོན་པ་སྟེ།《གནད་བསྡུས》སློབ་སྦྱོང་བྱ་རྒྱུ་དེ་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་འཇུག་པ་དང་། ལས་བྱེད་པའི་རིགས་པའི་གཞུང་ལུགས་གསོ་སྦྱོང་དང་རེས་སྐོར་གསོ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་བ། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆེད་དོན་སློབ་སྦྱོང་བྱེད་པ། “བློ་རྩ་བརྟན་པོས་ཏང་ལ་ཕྱོགས་ནས་ལྷག་བསམ་རྣམ་དག་བྱེད། བློ་སེམས་གཅིག་མཐུན་གྱིས་འབད་འབུངས་མདུན་སྐྱོད་བྱས་ནས་འགན་འཁྲི་འཁུར”ཞེས་པར་དམིགས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ཏེ། དཔོན་དམག་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལོན་པར་བྱ་རྒྱུའི་ཁྲིད་སྟོན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་།“འགག་རྩའི་ཉུང་ཤས”ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ལྷག་པར་དུ་མཐོ་རིམ་ཏང་ཨུད་དང་མཐོ་རིམ་ལས་བྱེད་པས་སྣེ་ཁྲིད་ནས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ་དང་། དཔུང་སྡེར་སློབ་གསོ་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཔོན་དམག་ལ་ཐུན་མོང་ཐོག་ཁྲིམས་སྐྱོང་འཛུགས་སྐྲུན་དང་། ཁྲིམས་སྐྱོང་ལག་བསྟར། ཁྲིམས་སྐྱོང་སྲུང་སྐྱོང་བཅས་བྱ་རྒྱུའི་སྐུལ་སློང་བྱས་ནས་ཏང་ཨུད་ཀྱིས་ཁྲིམས་ལྟར་ཐབས་ཇུས་འགོད་པ་དང་། ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་ཁྲིད་བྱེད་པ། དཔུང་སྡེས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ། དཔོན་དམག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་སྟེ། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ལས་དོན་སྤེལ་བའི་ནུས་པར་སྒྱུར་བ་དང་། དམག་སྐྱོང་བྱེད་སྟངས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་སྐྲུན་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམག་དཔུང་སྟོབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས་པ་བཅས་རེད།