འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་25ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་25ཉིན། 15:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

དབྱི་རག་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་ཁང་གིས་ཚེས་24ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། དབྱི་རག་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་ས་ངོས་དམག་དཔུང་དང་ཨ་སེ་པའེ་ཅང་སྐམ་དམག་གིས་ཉིན་དེར་དབྱི་རག་ནུབ་བྱང་རྒྱུད་ཀྱི་ཨར་ཏ་པི་ལི་ཞིང་ཆེན་གྱི་མཐའ་མཚམས་ས་ཁུལ་དུ་ཚབ་རྟགས“ཨ་ལ་སི”ཞེས་པའི་མཉམ་འབྲེལ་དམག་དོན་དངོས་སྦྱོང་བྱས་པ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། དམག་སྦྱོང་གི་དུས་ཡུན་ཉིན་4ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་སྐམ་དམག་ཆེད་ལས་རུ་ཁག་གིས་དབྱི་རག་བྱང་རྒྱུད་མཐའ་མཚམས་ས་ཁུལ་གྱི་ས་མཐོར་དམག་སྦྱོང་བྱ་རྒྱུ་རེད། དམག་སྦྱོང་གི་དམིགས་ཡུལ་ནི་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་བརྒྱབ་ནས་རྩ་འཛུགས་ཡོད་པའི་ཁྲིམས་འགལ་གྱི་དྲག་ཆས་ཚོགས་པར་མཉམ་ལས་ཐོག་རྡུང་རྡེག་བཏང་སྟེ། ཐུན་མོང་གི་མཐའ་མཚམས་བདེ་འཇགས་འགན་སྲུང་བྱ་རྒྱུ་དང་། དམག་དོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། འཐབ་རྩལ་དང་བྱ་སྤྱོད་ཐད་ཀྱི་འགོག་སྲུང་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

གནས་འཕྲིན་སྤེལ་བར་གཞིགས་ན། ཨ་སེ་པའེ་ཅང་དམག་དོན་འཐུས་མི་ཚོགས་པ་ཚེས་24ཉིན་གྱི་སྔ་དྲོར་ཨར་ཏ་པི་ལི་ཞིང་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ཏུ་འབྱོར་བ་མ་ཟད། མཉམ་འབྲེལ་དམག་སྦྱོང་ལ་དགོས་ངེས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད་ཅེས་བཤད་པ་རེད།