འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་དོན་འདིར་གྲོས་ཐག་གཅོད་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 13:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 གསར་འགོད་པར་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ལས་འགན་རྒྱུན་འཛིན་པ་མིན་པའི་རྒྱལ་ཁབ་10ཡིས་མཉམ་དུ་ཀཱ་ཟའི་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་བཞག་པའི་འཆར་ཟིན་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་19ཉིན་གྱི་ཕྱི་དྲོར་གྲོས་ཐག་གཅོད་རྒྱུ་རེད།

ཆ་རྒྱུས་བླངས་པ་ལྟར་ན། འཆར་ཟིན་འདིས་སྔར་བཞིན་ཆ་རྐྱེན་མེད་པར་དམག་མཚམས་འཇོག་དགོས་པ་མ་ཟད། མི་གཏའ་གློད་གྲོལ་གཏོང་དགོས་པའི་རེ་བ་བཏོན་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ཕ་ལེ་སི་ཐན་གྱི་ཉམ་ཐག་མི་སེར་ལ་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་གལ་ཆེའི་རང་བཞིན་ཡང་ནན་བཤད་བྱས་པ་རེད།