འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 13:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ལིའོ་ཉིང་ཞིང་ཆེན་ཕན་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཟུར་པ་ཝང་ཧྲང་ཅུན་ལ་(ཐིང་རིམ་པ་གཞོན་པ་)ལྐོག་ཟ་བྱས་པ་དང་ལྐོག་རྔན་བླངས་པ། གཞུང་དངུལ་སྒེར་སྤྱོད། འགན་དབང་གང་བྱུང་དུ་སྤྱད་པ་བཅས་ཀྱི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ལིའོ་ཉིང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ལིའོ་ཉིང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ལིའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཁྲིམས་སྦྱོར་བྱས་པ་རེད། ལྐོག་ཟའི་ཉེས་གསོག་དང་། ལྐོག་རྔན་བླངས་པའི་ཉེས་གསོག གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་གསོག་བཅས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས། ཉིན་ཤས་གོང་། ལེའོ་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཝང་ཧྲང་ཅུན་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་སྔར་ལས་ལྷག་པར་བྱེད་བཞིན་ཡོད།