འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་19ཉིན།

༄༅།།ཞི་ཅིན་ཕིང་གིས“ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བཟོས་ནས་དངོས་སུ་སྤྱོད་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་19ཉིན། 10:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

རྟེན་འབྲེལ་འཕྲིན་ཡིག

   “ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་བཟོས་ནས་དངོས་སུ་སྤྱོད་པའི་སྐབས་འདིར། ཞིབ་འཇུག་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་དང་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

   “ཕུགས་འདུན”རྟགས་ཅན་གྱི་མཚོ་འཇིངས་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་འབྲེལ་དངོས་སུ་སྤྱོད་པ་དེ་ཐོག་ནས་རང་རྒྱལ་གྱིས་མཚོ་འཇིངས་སུ་སྐྱོད་པ་དང་། མཚོ་འཇིངས་འཚོལ་ཞིབ་ཚད་ལེན། མཚོ་འཇིངས་གསར་སྤེལ་བཅས་ཀྱི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་པས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། ཁྱེད་ཚོས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ནས་གསར་འབྱེད་གསར་གཏོད་དང་། མཐུན་སྒྲིལ་རོགས་ལས། འགག་སྒྲོལ་དཀའ་སེལ། ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ལས་བསྒྲལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་མི་སྣའི་རང་རྟོན་རང་དར་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད།

    ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ཚན་རྩལ་གྱི་སྒྲིག་ཆས་གལ་ཆེན་འདི་ཡག་པོ་སྤྱོད་པ་དང་། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་རྒྱ་མཚོའི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་།

2024ལོའི་ཟླ་11ཚེས་17ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་དང་པོ་སྟེ“ཕུགས་འདུན”རྟགས་ཅན་ཚེས་17ཉིན་ཀོང་ཀྲོའུ་རུ་དངོས་སུ་སྤྱད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད། 

    ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང“ཕུགས་འདུན”རྟགས་ཅན་གྱི་མཚོ་འཇིངས་རྩད་ཞིབ་ལེགས་གྲུབ་བྱུང་བ་དང་འབྲེལ་དངོས་སུ་དཔུང་རུར་རྩིས་སྤྲད་པའི་ཐོག་ནས་རང་རྒྱལ་གྱིས་མཚོ་འཇིངས་སུ་སྐྱོད་པ་དང་། མཚོ་འཇིངས་རྩད་ཞིབ་ཚད་ལེན། མཚོ་འཇིངས་སུ་གསར་སྤེལ་བཅས་ཀྱི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་པས། རྒྱ་མཚོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། ཁྱེད་ཚོས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་འདོན་སྤེལ་བྱས་ནས་གསར་འབྱེད་གསར་གཏོད་དང་། མཐུན་སྒྲིལ་རོགས་ལས། འགག་སྒྲོལ་དཀའ་སེལ། ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ལས་བསྒྲལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་མི་སྣའི་རང་རྟོན་རང་དར་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས་ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ཚན་རྩལ་གྱི་སྒྲིག་ཆས་གལ་ཆེན་འདི་ཡག་པོ་སྤྱོད་པ་དང་། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་རྒྱ་མཚོའི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)

    “ཕུགས་འདུན”རྟགས་ཅན་དངོས་སུ་དཔུང་རུར་རྩིས་སྤྲོད་པའི་བྱེད་སྒོ་ཚེས་17ཉིན་ཀོང་ཀྲོའུ་རུ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་བྱེད་སྒོར་ཞུགས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། “ཕུགས་འདུན”རྟགས་ཅན་དངོས་སུ་དཔུང་རུར་རྩིས་སྤྲད་པའི་ཁྱབ་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

     “ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཀྱི་སྤྱིའི་ལྗིད་ཚད་ཏུན་33000ཙམ་དང་། ཆུ་འབུད་ཚད་ཏུན་42600 བསྟུད་མར་སྐྱོད་ཚད་མཚོ་ལེ་15000 གསོར་འབིགས་རྩད་ཞིབ་གཏིང་རིང་ཤོས་སྨི་11000བཅས་ཟིན་ནས་གོ་ལ་ཧྲིལ་པོའི་མཚོ་ཁོངས་ཀྱི་ཚད་མེད་མཚོ་འགྲུལ་ཁུལ་དུ་ལས་སྒྲུབ་བྱེད་པའི་ནུས་པ་ལྡན་ཡོད་པ་རེད།