འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་15ཉིན།

༄༅།།རྒྱལ་ཁབ་འདི་དང་འབྲེལ་བ་གཅོད་རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་14ཉིན། 16:54】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་13ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་གྱིས་ཐུར་ཁེ་དང་དབྱི་སི་རལ་བར་གྱི་ཚོང་དོན་འབྲེལ་བའི་སྐོར་གྱི་གནད་དོན་ལ་ལན་འདེབས་སྐབས། མིག་སྔར་ཐུར་ཁེ་རྒྱལ་ཁབ་དང་སྲིད་གཞུང་གི་ངོས་ནས། “ང་ཚོ་དང་དབྱི་སི་རལ་བར་འབྲེལ་ཐག་བཅད་ཟིན” མིག་སྔར་ཐུར་ཁེ་དང་དབྱི་སི་རལ་བར་འབྲེལ་བ་གང་ཡང་མེད་ལ་འབྲེལ་བ་དེ་དག་ལེགས་སུ་གཏོང་བའི་བྱེད་ཐབས་གང་ཡང་སྤྱད་མེད་ཅེས་བརྗོད་པ་རེད།

ཨེའར་ཏོ་ཨན་གྱིས་ཐུར་ཁེ་ཡིས་དབྱི་སི་རལ་གྱི་གཏུམ་སྤྱོད་ལ་མི་འཐད་པའི་རྣམ་འགྱུར་དྲག་པོ་བསྟན་ནས། ཚོང་དོན་བྱེད་མཚམས་འཇོག་པ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་སྤྱད་ཡོད་ཅེས་ནན་བཤད་བྱས།

ན་ནིང་གི་ཟླ་10ཚེས་7ཉིན། རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གདོང་གཏུག་ཐོན་པ་ནས་བཟུང་། ཐུར་ཁེ་དང་དབྱི་སི་རལ་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་ཐུར་ཁེ་ཡིས་ཀཱ་ཟ་ས་ཁུལ་དུ་དབྱི་སི་རལ་གྱི་དམག་དོན་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་རེད། ད་ལོའི་ཟླ་5པའི་ཟླ་འགོར། ཐུར་ཁེ་ཡིས་དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་སྤེལ་བའི་བྱ་སྤྱོད་ཀྱིས་ས་གནས་དེ་གའི་མི་ཆོས་རིང་ལུགས་ཀྱི་གོད་ཆག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་བརྟེན། ཐུར་ཁེ་ཕྱོགས་ཀྱིས་དབྱི་སི་རལ་དང་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱེད་སྒོ་ཚང་མ་གནས་སྐབས་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།