འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་13ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུའི་འགོ་ཁྲིད་འདི་དག་ཐུག་འཕྲད་གནང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་13ཉིན། 14:22】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚེས་12ཉིན་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་སྨི་ལུའོ་ནུའོ་ཕུའུ་ཡིས་སྣེ་ཁྲིད་པའི་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་གི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ལི་ཀན་ཅེ་ཡིས་ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་75འཁོར་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོར་བྱེད་པ་དང་། ལས་བྱེད་པའི་ལས་དོན་ཚུད་པའི་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་མཉམ་ལས་གཏིང་ཟབ་དང་ཏན་ཏིག་གི་ཐོག་ནས་སྔར་བས་སྐུལ་འདེད་བཏང་སྟེ། ཀྲུང་ཨུ་མི་རབས་ནས་མི་རབས་བར་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་འདོད་ཡོད་ཅེས་བཤད་པ་རེད།

སྨི་ལུའོ་ནུའོ་ཧྥུའུ་ཡིས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཨུ་ཀྲུང་འབྲེལ་བ་རྒྱུན་མཐུད་ཆུ་ཚད་མཐོན་པོར་འཕེལ་རྒྱས་རྒྱུན་ཆད་མེད་པར་འགྲོ་བའི་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

མཇལ་འཛོམས་གནང་རྗེས། ཕྱོགས་གཉིས་པོས་སྡེ་ཁག་གཉིས་ཀྱི་མཉམ་ལས་དྲན་ཐོར་མིང་རྟགས་འགོད་པའི་དཔང་པོ་བྱས་པ་རེད།