འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་13ཉིན།

༄༅།།ཁོང་ཨ་རིའི་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་ལ་བདམས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་13ཉིན། 14:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་12ཉིན། ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུས་སྐབས་གོང་མའི་སྲིད་གཞུང་གི་ལས་འགན་འཁུར་མཁན་རྒྱལ་ཁབ་གསང་འཕྲིན་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཡོག་ཧན་·ལ་ཐེ་ཁེ་ལི་ཧྥུའུ་(John Ratcliffe)ཙུང་ཐུང་གི་འགན་འཁུར་རྗེས་ཀྱི་ཀྲུང་དབྱང་གསང་འཕྲིན་ཅུས་(CIA)ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ལ་ཐེ་ཁེ་ལི་ཧྥུའུ་ད་ལོ་ལོ་59ལ་སླེབས་པ་དང་། དེ་སྔོན་ཏེ་ཁེ་ས་སི་མངའ་སྡེ་རུ་ཁྲིམས་རྩོད་པའི་ལས་ཀ་བྱེད་མྱོང་ཡོད། རྗེས་སུ་ཆབ་སྲིད་ཀྱི་ལས་རིགས་སུ་ཞུགས་ནས་གྲོང་སྤྱི་དང་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་སོགས་ཀྱི་འགན་འཁུར་མྱོང་། 2015ལོའི་ཟླ་1ནས་2020ལོའི་ཟླ་5པ་བར་རྒྱལ་ཚོགས་ཀྱི་གྲོས་ཚོགས་འོག་མའི་གྲོས་མིའི་འགན་འཁུར་མྱོང་།