འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་13ཉིན།

༄༅།།མཚོ་སྔོན་གཏེར་ལེན་ཁ“འོད་དྲོད་གྲོང་ཁྱེར”དུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་13ཉིན། 14:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་པོ།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་གཏོགས་ཀྱི་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་བཏང་བས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི“འོད་དྲོད་གྲོང་ཁྱེར”དུ་གྱུར་བ་རེད།

2023ལོའི་གཏེར་ལེན་ཁའི་GDPའཕར་ཚད་7.8%ཟིན་ནས་མཚོ་སྔོན་ཞིང་ཆེན་གྱི་ཆ་སྙོམས་འཕར་ཚད་ལས་ཆེས་ཆེར་བརྒལ་ཏེ་ཀྲོའུ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

གཏེར་ལེན་ཁའི་ཕྱོགས་བསྒྱུར་གྱི་གཏམ་རྒྱུད་ཇི་ལྟར་བྱུང་བ་ཡིན་ནམ།

གྲམ་ཐང་དུ་ཚན་རྩལ་གྱི་གྲོང་ཁྱེར་གསར་པ་དར་བ།

གཏེར་ལེན་ཁ་རྒྱ་ཧ་ཅང་ཆེན་པོ་ཡོད་ཅིང་། སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་2.77ཟིན་ནས་ཧའེ་ནན་ཞིང་ཆེན་ཕྱེད་ཀ་ལྷག་གི་སྐམ་སའི་རྒྱ་ཁྱོན་དང་མཚུངས། གཏེར་ལེན་ཁ་ཧ་ཅང་ཆུང་བ་སྟེ། རྒྱུན་སྡོད་མི་འབོར་ཁྲི་10ཡང་མི་ཟིན་པ་དང་རླངས་འཁོར་བཏང་ན་གྲོང་ཁུལ་སྐོར་བར་སྐར་མ་20ཙམ་ལས་འགོར་གྱི་མེད།

གཏེར་ལེན་ཁའི་གྲོང་འདབས་སུ། ཉི་འོད་འོག་ལྟེ་བའི་ཚོད་འཛིན་ཉི་ནུས་ལག་རྩལ་ཚད་ཡོད་ཀུང་སིའི་ཀྲའོ་ཝ་50ཡི་ལྕོག་རིང་རྣམ་པའི་འོད་དྲོད་གློག་ཁང་གི་འོད་དྲོད་ལྕོག་རིང་མིག་ལ་ལྷག་པར་འཚེར་ཞིང་། ལྕོག་རིང་འོག་ཏུ་ལངས་ཚེ། ཉི་ཤེལ་མང་པོ་ལས་ལྕོག་རིང་ཐོག་ཉི་འོད་ལྡོག་འཕྲོ་བྱས་ནས་ཚན་འཕྲུལ་གྱི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་མཚུངས།

དེ་ནི་རང་རྒྱལ་གྱི་ཚོང་ལས་ཅན་གྱི་གཉེར་སྐྱོང་གི་བཞུས་ཚྭའི་ནུས་གསོག་ལྕོག་རིང་རྣམ་པའི་འོད་དྲོད་གློག་ཁང་དང་པོ་ཡིན་པ་དང་། འཛམ་གླིང་གི་ཨང་གསུམ་པ་ཡིན།

དེའི་འཁྲིས་སུ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་ཚོགས་པའི་གཏེར་ལེན་ཁའི་ཀྲའོ་ཝ་50ཡི་འོད་དྲོད་གློག་གཏོང་དཔེ་སྟོན་རྣམ་གྲངས་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་ཁག་དང་པོའི་འོད་དྲོད་དཔེ་སྟོན་རྣམ་གྲངས་20ཁྲོད་ཀྱི་ཐོག་མར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་ཐོག་མར་དྲ་སྦྲེལ་གློག་གཏོང་བྱས་པའི་ཚོང་ལས་ཅན་གྱི་འོད་དྲོད་གློག་ཁང་ཆེ་གྲས་ཡིན་པ་དང་། དེར་བརྟེན་ནས་རང་རྒྱལ་ཡང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་བའི་འོད་དྲོད་ལག་རྩལ་ལྡན་པའི་རྒྱལ་ཁབ་བརྒྱད་པ་དེར་གྱུར་པ་རེད།

མཁའ་དབྱིངས་ནས་ཐུར་དུ་བལྟས་ཚེ། གཏེར་ལེན་ཁ་འདི་ཉིད་འོད་ཤུགས་དང་། འོད་དྲོད། རླུང་ནུས་སོགས་ཀྱི་གློག་ཁང་སྣ་ཚོགས་ཀྱིས་བསྐོར་ཡོད་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲའོ་ཁྲུན་གྱིས། 2024ལོའི་ཟླ་10པའི་ཟླ་མཇུག་བར། གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁྱོན་གློག་གཏོང་རྣམ་གྲངས་38བསྐྲུན་ནས་གློག་འདོན་ཚད་ཆན་ཝ་ཁྲི་335ཟིན་པ་དང་། རིམ་རྩིས་བྱས་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་251བཏང་ཡོད་ཅེས་བཤད།

གཏེར་ལེན་ཁའི་ཐོན་ལས་འཁོར་འབྲེལ“གཙང་མ”ནས“གསར་པའི”བར་ སྣུར་སྲིང་ཐུབ་ནས་ནུས་རྒྱུ་གསར་པའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་འབོར་ཆེན་གཅིག་རྗེས་གཉིས་མཐུད་ངང་གཏེར་ལེན་ཁ་གྲོང་ཁྱེར་དུ་གཞི་ཚུགས་ཡོད་པ་རེད།

གཏེར་ལེན་ཁ་གྲོང་ཁྱེར་བཟོ་ལས་ཆ་འཕྲིན་ཅན་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅུས་ཡན་པོ་ཡིས། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞིར་བརྟེན་ནས། གཏེར་ལེན་ཁ་ཡིས་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱི་འཁོར་འབྲེལ་འཕེལ་རྒྱས་ཧུར་ཐག་བཏང་སྟེ“འཁོར་འབྲེལ་རྒྱ་སྐྱེད”བྱས་པ་དང་ཆབས་ཅིག ཐོན་ལས་གདུབ་ཟུམ་གྱི་རྣམ་པ་ཆགས་ནས་འཁོར་འབྲེལ་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཁེ་ལས་དག་གིས་གཏེར་ལེན་ཁ་རུ་ཐོན་ལས་མཉམ་རོགས་ཐུབ་ཡོད་པ་རེད།

འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ།

གཏེར་ལེན་ཁའི་བཟོ་ལས་འཕེལ་རྒྱས་ནི་རྡོ་སོལ་དང་རྡོ་ཐལ་རྡོ་སོགས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་ནས་འགོ་ཚུགས་པ་རེད། 2000ལོའི་རྗེས་སུ། གཏེར་ལེན་ཁས་མ་དངུལ་དང་ལག་རྩལ་ནང་འདྲེན་བྱས་པས་ཁུ་ནུ་བུལ་ཏོག་ལས་རིགས་དང་མཚོ་སྔོན་འཕེལ་རྒྱས་མ་འཇོག་སོགས་ཀྱིས་མཚོན་པའི་གཞུང་ཁོངས་ཁེ་ལས་ཀྱིས་གཏེར་ལེན་ཁར་ཀུང་སི་བཙུགས་ནས་བུལ་རྐྱང་གིས་གཙོས་པའི་རྫས་འགྱུར་བཟོ་ལས་ཐོན་ལས་རིམ་བཞིན་གྲུབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གཏེར་ལེན་ཁའི་བུལ་ཏོག་ལས་རིགས་ཀྱང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཡོད། 2022ལོར་མཚོ་ནུབ་ཀྲོའུ་ཡི་བུལ་རྐྱང་ཐོན་འབབ་མཐོ་ཤོས་ཡིན་པའི་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཐོན་འབབ་ཏུན་ཁྲི་291.6ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་བུལ་རྐྱང་ཐོན་འབབ་ཀྱི་60%ཡན་དང་རྒྱལ་ཡོངས་ཀྱི་བུལ་རྐྱང་ཐོན་འབབ་ཀྱི་10%ཙམ་བཟུང་ཡོད་པ་རེད།

—— གྲམ་ཐང་གི“འོད”ཡག་པོ་སྤྱད་པ།

གཏེར་ལེན་ཁ་ནི་མཚོ་ནུབ་ཀྲོའུ་ཡི་འོད་འཕྲོའི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་ལ། རྒྱལ་ནང་གི་འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འཚམ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད།

གཏེར་ལེན་ཁའི་དམིགས་བསལ་གྱི་རང་བྱུང་ལེགས་ཆ་དེར་མཐོང་ཆེན་བྱུང་བས། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་གསར་པ་ཚོགས་པ་དང་། ལྟེ་བའི་ཚོད་འཛིན་ཉི་ནུས་ལག་རྩལ་ཚད་ཡོད་ཀུང་སི། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་སོགས་ཀྱིས་མཚོན་པའི་ཀྲུང་དབྱང་ཁེ་ལས་གཏེར་ལེན་ཁར་གཞི་ཚུགས་ནས་ནུས་རྒྱུ་གསར་པའི་གློག་གཏོང་རྣམ་གྲངས་མང་པོ་ཞིག་གྲམ་ཐང་དུ་ལག་ལེན་བསྟར་འགོ་ཚུགས་པ་རེད།

“ནུས་རྒྱུ་གསར་པ་གསར་སྤེལ་གྱི་མ་འཇོག་ཆེ་བ་དང་། དུས་འཁོར་རིང་བ། ཕན་འབྲས་ཐོན་འགོར་བ་བཅས་ཡོད་པས‘འབད་བརྩོན་ལྷོད་མེད’བྱེད་འདོད་པའི་ཁེ་ལས་དེ་གར་གཞི་ཚུགས་དགོས” ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཉི་ནུས་གཏེར་ལེན་ཁ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཐའོ་ཡིས། བཟོ་བཀོད་པ་ཚོས་ཚ་གདུག་ཆེ་བའི་ཉི་འོད་འོག་གྲམ་ཐང་དུ་རྩད་ཞིབ་དང་ཨར་རྒྱག་བྱས་པས་མི་ཚང་མ་རྡོ་སོལ་བཞིན་ནག་པོ་ཆགས་ཡོད་ཅེས་བརྗོད།

“འདི་ལོའི་ལོ་སྟོད་དུ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་གསར་པ་མཚོ་སྔོན་གཏེར་ལེན་ཁའི་འོད་གསོག་ཚ་ནུས་གཞི་གཅིག་ཅན་གྱི་ཆན་ཝ་ཁྲི་200ཟིན་པའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། དེ་ནི་མིག་སྔར་གོ་ལ་ཧྲིལ་པོའི་འཕྲུལ་ཆས་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་ལྕོག་རིང་འོད་དྲོད་གློག་གཏོང་རྣམ་གྲངས་ཤིག་རེད”ཅེས་དབྱང་ཐའོ་ཡིས་བརྗོད།

—— གྲམ་ཐང་སེར་པོར“ལྗང་མདོག་གི་སྙན་ངག”བརྩམས་པ།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། ཅུས་ཡན་པོ་ཡིས“ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་དབར་འགལ་བ་མེད་པ་དང་སྐྱེ་ཁམས་ཉམས་ཞན་གྱི་གྲམ་ཐང་དེའང‘གསེར་གྱི་བྱེ་ཐང’དུ་འགྱུར་རྒྱུ་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།

ཅུས་ཡན་པོ་ཡིས“གཞི་ཁྱོན་ཆེ་བའི་འོད་ཤུགས་འོད་དྲོད་བསྐྲུན་པ་ལས་ས་ངོས་ཀྱི་རླངས་པ་ཆུང་དུ་ཕྱིན་ནས་འོད་ཤུགས་ཤེལ་ལེབ་འོག་གི་སྔོ་ཁེབས་ཇེ་མང་དུ་ཕྱིན་ཡོད། ཉིན་བཞིན་མང་དུ་འགྲོ་བའི་ས་ངོས་ཀྱི་རྩི་ཤིང་གིས་འོད་ཤུགས་གློག་ཁང་དེ‘འོད་ཤུགས་ལུག’གི་འབྲོག་ར་བཟང་པོར་བསྒྱུར་པ་མ་ཟད། ད་དུང་མཁའ་རླུང་གི་ཐལ་རྡུལ་ཉུང་དུ་ཕྱིན་ནས་འོད་ཤུགས་འོད་དྲོད་གློག་གཏོང་བའི་ཕན་འབྲས་ཆེ་རུ་ཕྱིན་ཡོད”ཅེས་བརྗོད།

གཞན་ཡང་སྲོལ་རྒྱུན་གྱི་བུལ་ཏོག་བཟོ་བའི་ལས་རིགས་ཀྱི་སྦགས་བཙོག་ཆེ་བ་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། གཏེར་ལེན་ཁ་ཡིས་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད། སྲོལ་རྒྱུན་གྱི་བུལ་ཏོག་བཟོ་བའི་ཐོན་ལས་དེ་ཆུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ཐོན་ཁུངས་བེད་སྤྱོད་ནུས་ལྡན་སོགས་ཀྱི་ཐད་རིམ་སྤོར་བྱས་ཤིང་། “མིག་སྔར་གཏེར་ལེན་ཁའི་བུལ་ཏོག་བཟོ་བའི་ཐོན་ལས་ཀྱི་ལག་རྩལ་ཆུ་ཚད་དང་ཐོན་སྐྱེད་ཕྱིར་འབུད་ཚད་གཞི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། ལས་རིགས་གཅིག་པའི་ཚད་ཤིང་དུ་གྱུར་ཡོད”ཅེས་ཅུས་ཡན་པོ་ཡིས་བརྗོད།

—— གླ་ཕོགས་མི་ལེན་པའི“ལས་བཟོ”

གཏེར་ལེན་ཁ་འཕེལ་རྒྱས་བྱུང་བའི་སྐོར་གླེང་སྐབས། མཚོ་སྔོན་ལའེ་ཏེ་པའོ་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཀོང་ཧྲོའེ་ཡིས་གཏེར་ལེན་ཁའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་མཐོང་ཆེན་བྱེད་པ་ཕུད། ཚོང་གཉེར་ཁོར་ཡུག་བཟང་པོ་དེ་ཡང་ཁེ་ལས་གཞི་ཚུགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་བརྗོད།

ཀྲའོ་ཀོང་ཧྲོའེ་ཡིས“སྲིད་ཇུས་ཀྱི་རྒྱབ་སྐྱོར་ཕུད། གཏེར་ལེན་ཁ་སྲིད་གཞུང་གིས་ཁེ་ལས་དང་མཉམ་དུ་འཕེལ་རྒྱས་ཀྱི་མདུན་ལྗོངས་བཙལ་ནས་བསམ་བློ་གླེང་བ་དང་། འཕེལ་རྒྱས་ལ་སྣང་ཆེན། ཞབས་ཞུར་སྣང་ཆེན་བཅས་བྱེད་ཀྱི་ཡོད” ཁེ་ལས་ཀྱིས་ཞིང་ཆེན་གཞན་དུ་བཟོ་གྲྭ་འཛུགས་པའི་གྲ་སྒྲིག་བྱས་ཟིན་ཡང་གཏེར་ལེན་ཁའི་ལས་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་ལ་སེམས་འགུལ་ཐེབས་ནས། གཏེར་ལེན་ཁར་གཞི་ཚུགས་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བརྗོད།

ཚོང་འགུགས་བྱེད་པ་ནས་འགོ་བཙུགས་ཏེ་གཏེར་ལེན་ཁའི་འབྲེལ་ཡོད་སྡེ་ཚན་གྱི་ཞབས་ཞུ་ཁེ་ལས་གཞི་ཚུགས་པ་དང་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ལྷུ་ཚིགས་ཚང་མར་ཁྱབ་ཡོད།

ན་ནིང་ལོ་གཅིག་ནང་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་རྣམ་གྲངས་14རྩིས་བླངས་པ་དང་ཁྱད་ལྡན་ཐོན་ལས་རྣམ་གྲངས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད། དེའི་ནང་མ་དངུལ་བསྡོམས་སྒོར་དུང་ཕྱུར་35བཏང་བའི་ལའེ་ཏེ་པའོ་ཡི་ལོ་རེར་ཅི་ཝ་20ཐོན་སྐྱེད་ཐུབ་པའི་ཤེལ་གཟུགས་རྐྱང་པའི་རྣམ་གྲངས་ཐོག་མའི་ངོ་འཕྲད་གྲོས་མོལ་བྱས་པ་ནས་གན་རྒྱ་བཞག་པའི་བར་ཟླ་བ་གཉིས་ཀྱང་འགོར་མེད་པ་དེས་མཚོ་སྔོན་གྱི་ཚོང་འགུགས་མ་འདྲེན་གྱི་ཟིན་ཐོ་གསར་པ་བཏོད་པ་རེད།

ཐོན་ལས་འཁོར་འབྲེལ་གསར་པ་དེ་བས་མང་བ་བཏོད་པ།

གྲོང་ཁྱེར་ཆུང་ངུའི་འགྱུར་ལྡོག་གིས་དཔལ་འབྱོར་ཕྱོགས་བསྒྱུར་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་པ་མ་ཟད། གཏེར་ལེན་ཁའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ལྗང་མདོག་གི་རྨང་གཞིའང་བཏིང་ཡོད།

མིག་སྔར་གཏེར་ལེན་ཁ་ཡིས་མཚོ་སྔོན་ཞིང་ཆེན་གྱི“འོད་ཤུགས་ཁྲོམ་གཞུང”གཉིས་པ་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི“རྩིས་ཤུགས་ཁྲོམ་གཞུང”དང་པོ་གཙོ་གནད་ཐོག་གཏོད་བཞིན་ཡོད།

གཏེར་ལེན་ཁ་ཐེན་ཧྥང་ལྗང་མདོག་རིག་རྩིས་གཱ་ཁྲིའི་རྣམ་གྲངས་སྤེལ་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་། རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ། ཨར་ལས་པས་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱས་ནས་དགུན་ཁ་མ་ཤར་གོང་མྱུར་ཚད་བརྩོན་ལེན་བྱེད་བཞིན་ཡོད། གཏེར་ལེན་ཁ་གྲོང་ཁྱེར་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ཝང་ཞའོ་ཡིས་གཏེར་ལེན་ཁའི་ལྗང་མདོག་རྩིས་ཤུགས་ཐོན་ལས་ཀྱི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད།

“གཏེར་ལེན་ཁའི་གནམ་གཤིས་གྲང་བ་དང་ནུས་རྒྱུ་འབེལ་བས་གྲངས་གཞིའི་ལྟེ་གནས་ཡག་ཤོས་ཤིག་ཡིན་པ་དང་། འབྱུང་འགྱུར་ནི་མཚོ་བོད་ས་མཐོའི་རྩིས་ཤུགས་ཀྱི་འགག་གནད་གཙོ་བོ་ཞིག་ཡིན་ངེས་རེད”གཏེར་ལེན་ཁ་ཡིས་ལེགས་ཆ་འདོན་སྤེལ་བྱས་ཏེ་གྲངས་གཞིའི་ཐོན་ལས་ལེ་ལག་ཚང་དུ་གཏོང་བ་དང་ལྗང་མདོག་རྩིས་ཤུགས་རྣམ་གྲངས་ཁག་གཅིག་གཏེར་ལེན་ཁར་གཞི་ཆགས་རྒྱུའི་བརྩོན་ལེན་བྱས་ནས། གཏེར་ལེན་ཁ་དེ་ཉིད་མཚོ་བོད་ས་མཐོའི་གྲངས་གཞི་ཆེན་པོའི་ཐོན་ལས་ཀྱི་མཐོ་ས་ཞིག་ཏུ་གཏོད་ཀྱི་ཡིན་ཞེས་ཝང་ཞའོ་ཡིས་བརྗོད།

འོད་ཤུགས་འོད་དྲོད་ཙམ་མ་ཟད། གཏེར་ལེན་ཁ་ཡིས་ད་དུང་རླུང་གློག་ཐོན་ལས་འཁོར་འབྲེལ་དང་། ནུས་གསོག་ཐོན་ལས་འཁོར་འབྲེལ། ཆིང་ནུས་ཐོན་ལས་འཁོར་འབྲེལ་སོགས་ཐོན་ལས་འཁོར་འབྲེལ་མང་པོ་གཙོ་གནད་ཐོག་གཏོད་རྒྱུ་མ་ཟད། ཐོན་ལས་འཁོར་འབྲེལ་དེ་དག་ལ་དམིགས་ནས་ས་ཁོངས་ནང་ཤུགས་རྐྱེན་ལྡན་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་རྟེན་གཞི་ཡང་གཏོད་རྒྱུ་རེད།

(དམ་ཆོས་མི་ཕམ་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)