འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་12ཉིན།

༄༅།།ཅང་ཤིས་ལི་ཁྲོན་གྱིས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་བཏང་ནས་འབྲས་སོག་བསྐྱར་དུ་བེད་སྤྱོད་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲོའུ་ཧོན།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་12ཉིན། 10:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་10ཚེས་24ཉིན། ཅང་ཤིས་ཞིང་ཆེན་ལི་ཁྲོན་རྫོང་ཧོ་ཡོན་ཤང་ཁྲེན་ཅཱ་གྲོང་ཚོར་རྔ་བསྡུ་འཕྲུལ་འཁོར་གྱིས་འབྲས་རྔ་བཞིན་པ།

ཟླ་10ཚེས་24ཉིན། ཅང་ཤིས་ཞིང་ཆེན་ལི་ཁྲོན་རྫོང་ཧོ་ཡོན་ཤང་ཁྲེན་ཅཱ་གྲོང་ཚོར་རྔ་བསྡུ་འཕྲུལ་འཁོར་གྱིས་འབྲས་རྔ་བཞིན་པ།

ཟླ་10ཚེས་24ཉིན། ཅང་ཤིས་ཞིང་ཆེན་ལི་ཁྲོན་རྫོང་ཤུན་ཁོའུ་གྲོང་རྡལ་པའེ་ཧྲ་གྲོང་ཚོས་འབྲས་སོག་ཐོག་ཤ་མོ་བཏབ་རྗེས་ཀྱི་ཤ་མོའི་སོག་སྙིགས་དེ་དག་སྐྱེ་ལྡན་ལུད་བཟོ་རྩིས་ཡོད་པ།

ཟླ་10ཚེས་24ཉིན། ཅང་ཤིས་ཞིང་ཆེན་ལི་ཁྲོན་རྫོང་ཤུན་ཁོའུ་གྲོང་རྡལ་པའེ་ཧྲ་གྲོང་ཚོས་འབྲས་སོག་ཐོག་ཤ་མོ་བཏབ་རྗེས་ཀྱི་ཤ་མོའི་སོག་སྙིགས་དེ་དག་སྐྱེ་ལྡན་ལུད་བཟོ་རྩིས་ཡོད་པ།

    2015ལོར་ཅང་ཤིས་ཝུའུ་ཡོན་ཚན་རིག་ཞིང་ལས་ཚད་ཡོད་ཀུང་སིས་ས་གནས་དེ་གའི་ཁྱད་ལྡན་འབྲས་ལ་དམིགས་ནས་ལྗང་མདོག་སྐྱེ་ལྡན་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྩིས་བྱས། ཡིན་ནའང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀོང་གོ་ཆང་ལུད་ཀྱི་ཐད་སེམས་ཁྲལ་ཆེན་པོ་བྱུང་ཞིང་། “སྐབས་དེ་དུས་སྐྱེ་ལྡན་ལུད་ཏུན་རེར་སྒོར་1500སྤྲོད་དགོས་པས་གོང་མཐོ་བ་མ་ཟད། སྤུས་ཚད་ཀྱང་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་བླང་བྱ་དང་མཐུན་པའི་ངེས་པ་མེད”

    དེ་ལྟར་སེམས་ཁྲལ་བྱེད་མཁན་གྲས་སུ་ཏུང་ཧྭ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལི་རུང་ཐུང་ཡོད་ཅིང་། ལི་ཁྲོན་གྱི་འབྲས་སོག་ཤ་མོའི་ཐོན་འབབ་མཐོ་རུ་གཏོང་ཆེད། ཁོང་གིས་ཚན་རྩལ་ཆེད་མངགས་ཚོགས་པའི་སྣེ་ཁྲིད་དེ་བརྟག་ཞིབ་ལོ་ཕྱེད་ལྷག་ཙམ་བྱས་པ་དང་། མ་གཞི་ཐག་གཅོད་ཇུས་གཞི་ཡོད་ནའང་འབོར་ཚད་མང་བ་དང་བརྟན་པའི་ཚོད་ལྟར་སྤྱོད་པའི་འབྲས་སོག་གང་ནས་ལེན་ནམ།

    ཕྱོགས་གཅིག་ལ་འབྲས་སོག་ཡོད་ཀྱང་ལུད་དཀོན་པ་དང་ཕྱོགས་གཞན་དེར་ལུད་ཡོད་ཀྱང་འབྲས་སོག་དཀོན་པར་བརྟེན། ལི་རུང་ཐུང་དང་ཀོང་གོ་ཆང་གི་བསམ་འཆར་འཕྲལ་མར་གཅིག་མཐུན་བྱུང་ནས“འབྲས་སོག་ཤ་མོའི་རྩ་བས་འབྲས་སོག་ཁྲོད་ཀྱི་ཚི་རྒྱུ་སོགས་རུལ་ཐུབ་པ་དང་། སོག་རོར་ལྕི་བ་དང་རིལ་མ་སོགས་བསྲེས་ན་ཏན་རྒྱུ་སྣོན་ཐུབ་པས་སྐྱེ་ལྡན་ལུད་རྩེ་གྲ་ཞིག་མ་རེད་དམ”

    2016ལོའི་དབྱར་ཁར། ལི་རུང་ཐུང་གིས་ཀོང་གོ་ཆང་གི་ཀུང་སིའི་འབྲས་སོག་ཐོག་ཤ་མོ་ཚོད་འདེབས་བྱས་པར་ལོ་ལེགས་བྱུང་བ་དང་། དེ་ནས་སོག་རོ་དེ་དག་སྐྱེ་ལྡན་ལུད་དུ་བསྒྱུར་བའི་འགག་རྩར་སླེབས།

     ལུད་བཟོ་བའི་རྒྱུ་ཆ་དང་བརྒྱུད་རིམ་ཚང་མ“སྐྱེ་ལྡན”ཡིན་ལ་ལུད་ཏུན་རེར་སྒོར་1000ལས་སྤྲོད་མི་དགོས་པས། ལོ་གཉིས་པར་ཀོང་གོ་ཆང་ལ་རང་གིས་བཟོས་པའི་སྐྱེ་ལྡན་ལུད་སྤྱོད་རྒྱུ་བྱུང་ཡོད། “ལུད་ཡག་པོ་ཡོད་པས་འབྲས་ཡག་པོ་སྨིན་པ་མ་ཟད་ནད་འབུའི་གནོད་འཚེའང་ཉུང་དུ་ཕྱིན་པར་བརྟེན། ལུད་དང་ཞིང་སྨན་སྤྱོད་ཚད་ཆེས་ཆེར་ཆག་ཡོད”ཅེས་དཀའ་གནད་བསལ་བའི་ཀོང་ཀོ་ཆང་གིས་དགའ་སྤྲོའི་ངང་བཤད།

    “ཀུང་སིའི་ལྗང་མདོག་འབྲས་དང་སྐྱེ་ལྡན་འབྲས་གཉིས་ཀར་རིན་གོང་ཡག་པོ་རག་གི་འདུག”ཅེས་ཀོང་གོ་ཆང་གིས་བཤད། ལུད་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་ལྗང་མདོག་འཁོར་རྒྱུག་ཐུབ་ནས་ཐོན་རྫས་ཀྱི་རིན་གོང་ཡག་པོ་རག་པས་ཡུལ་མི་སྤུན་ཟླ་ཚོས་སྐྱེ་ཁམས་འདེབས་འཛུགས་ལ་གཞོལ་བའི་ཧུར་སེམས་སྔར་བས་ཆེ་རུ་སོང་ཡོད། གྲོང་མི་ཨའེ་ཧོའུ་ཧྲེང་གིས“རྒྱུན་གཏན་ལྟར་བཏབ་པའི་ཤུན་ལྡན་འབྲས་རྒྱ་མ་གང་ལ་སྒོར་1.2རག་གི་ཡོད། ད་ཆ་ཀུང་སིས་སོན་དང་། ལུད། ལག་རྩལ་བཅས་རིན་མེད་ངང་མཁོ་འདོན་བྱས་ཏེ་ལྗང་མདོག་འབྲས་བཏབ་པར་འབྲས་རྒྱ་མ་གང་ལ་སྒོར་2རེ་བྱས་ནས་གཅིག་གྱུར་ཐོག་ཉོ་ཡི་ཡོད། གཞན་ཡང་མུའུ་རེའི་འབྲས་སོག་ཐོག་བཏབ་པའི་འབྲས་སོག་ཤ་མོར་སྒོར་བཞི་སྟོང་ལྔ་སྟོང་རག་གི་འདུག”ཅེས་རྩིས་རྒྱག་བཞིན་གསར་འགོད་པར་བཤད།

    འབྲས་སོག་ཤ་མོའི་ཐོན་འབབ་དང་རིན་གོང་ལྡབ་འཕར་བྱུང་ནས་འཁོར་རྒྱུག་རྣམ་པའི་སྐྱེ་ཁམས་ཞིང་ལས་རྣམ་གྲངས་ལ་ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་གསར་གཏོད་རྣམ་གྲངས་རག་པས་ལི་རུང་ཐུང་དགའ་སྤྲོས་མྱོས། ད་ཆ། ཁོང་དང་ཚན་རྩལ་ཆེད་མངགས་ཚོགས་པར་འཆར་གཞི་གསར་པ་ཞིག་ཡོད་པ་སྟེ། དགུན་དལ་དུས་སུ་ཇི་ལྟར་བྱས་ཏེ་ཤ་མོའི་སོག་སྙིགས་ཐོག་ད་དུང་ཤ་མོ་ཐེངས་གཅིག་འདེབས་རྒྱུ་དང་དུས་མཚུངས་འབྲས་སོག་དེ་བས་ལེགས་པ་རུལ་དུ་བཅུག་ནས་ལུད་རྒྱུ་ཡག་ཏུ་གཏོང་རྒྱུ་དེ་རེད།