འཚོལ་བཤེར།   
藏文频道
2024ལོའི་ཟླ་11ཚེས་8ཉིན།

༄༅།།གསེར་གྱི་རྒྱན་ཆ་ཁེ་457ལྐོག་འདྲེན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 11ཚེས་08ཉིན། 15:56】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། ཞ་མོན་གནམ་ཐང་འགག་སྒོས་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུར་ལྟ་སྐུལ་དོ་དམ་བྱེད་སྐབས། སྙན་ཞུ་མི་དགོས་པའི་འགྲོ་ལམ་བརྒྱུད་མཁན་འགྲུལ་པ་ཞིག་གི་རྒྱབ་འཁུར་ཁུག་མའི་ནང་དུ་འགག་སྒོར་སྙན་སེང་མ་ཞུས་པའི་གསེར་གྱི་རྒྱན་ཆ་འདྲ་བ་ཁེ་457འཁུར་བ་རྩད་ཆོད་པ་དང་། གསལ་འབྱེད་བྱས་པ་བརྒྱུད་དེ་དག་ཚང་མ་གསེར་སྦྱངས་བཙོ་མའི་ཁོངས་སུ་གཏོགས་པ་རེད། ད་ཆ་འགག་སྒོས་གོང་གསལ་དངོས་རྫས་གནས་སྐབས་ཁྲིམས་ལྟར་བཀག་ཉར་བྱས་པ་དང་འབྲེལ་ཐག་གཅོད་སྔར་ལྷག་བྱ་རྒྱུ་ཡིན་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསེར་དངུལ་དོ་དམ་སྲོལ་ཡིག་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་འགྲོ་འོང་འགྲུལ་པ་འགག་སྒོ་སྒྲོལ་བའི་སྐོར་གྱི་གཏན་འབེབས་》སོགས་ཀྱི་བླང་བྱ་གཞིར་བཟུང་། གསེར་དང་དེ་འབྲེལ་རྒྱན་ཆ་ནི་རྒྱལ་ཁབ་ཀྱིས་ཕྱིར་གཏོང་ནང་འདྲེན་ཚོད་འཛིན་བྱས་པའི་དངོས་རྫས་ཀྱི་ཁོངས་སུ་གཏོགས་པས། འགྲུལ་པས་གསེར་དང་དེ་འབྲེལ་ཐོན་རྫས་འཁྱེར་ཏེ་ཕྱིར་གཏོང་ནང་འདྲེན་བྱེད་སྐབས་ཁེ་50ལས་བརྒལ་ཚེ་འགག་སྒོ་ལས་ཁུངས་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས་ཀྱི་ཡོད། རྒྱལ་ཁབ་ཀྱིས་ཕྱིར་གཏོང་ནང་འདྲེན་བཀག་སྡོམ་བྱེད་པའམ་ཚོད་འཛིན་བྱེད་པའི་ཚོང་ཟོག་དང་དངོས་རྫས་སྦས་སྐུང་དང་། རྫུན་བཟོ། སྦ་གསང་བཅས་བྱས་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་འགག་སྒོའི་ལྟ་སྐུལ་དོ་དམ་ལས་གཡོལ་ཏེ་སྐྱེལ་འདྲེན་དང་། འཁྱེར་བ། སྦྲག་ཐོག་སྐུར་བ་བཅས་བྱེད་རིགས་ནི་ལྐོག་འདྲེན་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པས། ཉེས་ཚབས་ཆེ་བའི་ཉེས་གསོག་གི་ཚད་ལ་སླེབས་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།