གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་05ཉིན། 13:25】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ་དང་། གྲངས་གཞིའི་རྨང་གཞིའི་ལམ་ལུགས་མ་ལག་འཚོལ་ཞིབ་བྱེད་པ། འབྲེལ་ཡོད་སྤྱི་པའི་ཞབས་ཞུའི་ནང་དོན་ལེགས་སུ་གཏོང་བ་སོགས་བྱ་ཆེད། ད་ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆ་གང་ལེགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་གསོག་རྩིས་ཟུང་འབྲེལ་གྱི་གྲངས་གཞིའི་ལྟེ་གནས་གཅིག་སྡུད་ཁུལ་གཏོད་པར་དམིགས་པ་དང་། “ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་བཀོད་པ་དང་རང་འགུལ་མཉམ་འདྲེས་བྱེད་པ། ནུས་རྒྱུ་གཙང་མ་རྨང་གཞི་དང་། ལྗང་མདོག་རྩིས་ནུས་འདེགས་སྐྱོར། མི་ཐབས་རིག་ནུས་སྣེ་ཁྲིད་བཅས་བྱེད་པའི་གྲངས་གཞིའི་ཐོན་ལས་སྐྱེ་ཁམས་སྐྱེད་སྲིང་ཧུར་ཐག་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་ནུབ་གསར་པ་སྐྲུན་པར་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
ནུས་རྒྱུ་གཙང་མ་དང་། རིག་ནུས་བཟོ་སྐྲུན། ལྗང་མདོག་རྩིས་ནུས་བཅས་ཀྱི་ཁྱབ་ཁོངས་སུ་མཚོ་ནུབ་ཀྲོའུ་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པས། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་ཕྱོགས་སྒྱུར་གང་མགྱོགས་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། “ནུས་རྒྱུ་འབེལ་བ་དང་། གློག་རིན་དམའ་བ། གློག་ཡག་པ། གནམ་གཤིས་འཕྲོད་པ། ཟད་གྲོན་ཆུང་བ། ཕན་འབྲས་བཟང་བ”བཅས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པར་བརྟེན་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སུ་སླེབས་པའི་མཚོ་ནུབ་ཀྲོའུ་ཡིས་ལྗང་མདོག་ནུས་རྒྱུ་དང་ལྗང་མདོག་རྩིས་ནུས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་སུ་གཏིང་ཟབ་སྒྱུར་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁྱོན་ཁག་9ལ་ཚོང་འགུགས་མ་འདྲེན་བྱས་པར་གན་འཇོག་དངུལ་གྲངས་སྒོར་དུང་ཕྱུར་131.1825ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་གན་འཇོག་དངུལ་གྲངས་ཀྱི་15.17%བཟུང་ཡོད། མིག་སྔར། ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་རྩིས་ནུས་རྣམ་གྲངས་ཁག་4ལག་ལེན་བསྟར་བ་དང་། འཛུགས་སྐྲུན་རྣམ་གྲངས་ཁག་3ལ་དུས་འགོའི་འགྲོ་ལུགས་གཉེར་བཞིན་ཡོད་ཅིང་། བསྐྲུན་རྗེས་རྩིས་ནུས་གཞི་ཁྱོན་40000Pལྷག་ཙམ་ཟིན་རྒྱུ་རེད།
གཞན་ཡང་། སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་འདེགས་སྐྱོར་ནུས་པ་གང་ལེགས་བཏོན་ནས། ལས་སྒོ་མཉམ་སྒྲུབ་དང་གྲངས་གཞི་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ“ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”གཙོ་གནད་དོན་ཚན་གྱི་གསལ་ཐོ་དོ་དམ་ལམ་སྲོལ་དང་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། ཐུན་མོང་རང་བཞིན་ལྡན་པ་དང་རྒྱུན་ཐོན་གཞན་ཁོངས་སྒྲུབ་གཉེར་དོན་ཚན“ཀྲོའུ་ནང་ཁུལ་དུ་སྒྲུབ་གཉེར”གྱི་རྩིས་ཁྲར་བཅུག་པ་དང་འབྲེལ། གཅིག་གྱུར་ལག་ལེན་བསྟར་བ་དང་། དེ་བཞིན་ཆུ་ཚོད་24ཡི་རང་འདེམས་ཞབས་ཞུ་ཁུལ་གྱི་དམངས་ཕན་བྱེད་ནུས་གང་ལེགས་སྤྱད་པས། ཆུ་ཚོད་8ནང་ཞབས་འདེགས་ཞུ་བ་ནས་ཆུ་ཚོད་24ཞབས་འདེགས་ཞུ་བའི་བར་མཆོང་སྐྱོད་བྱུང་སྟེ། ཁེ་ལས་དང་མང་ཚོགས་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)