གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 11ཚེས་04ཉིན། 15:44】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་30ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་79པའི་ཐོག་“ཨ་རིས་ངེས་པར་དུ་ཁུ་པའི་དཔལ་འབྱོར་དང་ཚོང་ལས། དངུལ་རྩ་བཅས་བཀག་སྡོམ་བྱེད་མཚམས་འཇོག་དགོས་པར་”དམིགས་ནས་སྤྱིར་བཏང་གི་རྩོད་གླེང་བྱས་རྗེས། A/79/L.6གྲོས་ཆོད་འཆར་ཟིན་ལ་འདེམས་ཤོག་འཕངས་ཤིང་། མཐར་མོས་མཐུན་བྱུང་བའི་འདེམས་ཤོག་187དང་། མི་འཐད་པའི་འདེམས་ཤོག་2 གཅིག་གིས་འདེམས་ཤོག་འཕེན་དབང་དོར་བ། དེའི་ནང་ཨ་རི་དང་དབྱི་སི་རལ་གྱིས་མི་འཐད་པའི་འདེམས་ཤོག་འཕངས་པ་རེད།
འདེམས་ཤོག་འཕངས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཚོགས་ཚོམས་ཆེན་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བསྟུད་མར་ཐེངས་32པ་བྱས་པ་རེད།