འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་30ཉིན།

༄༅།།ཉེན་ཁ་ཆེ་སར་མི་འགྲོ་རྒྱུའི་དྲན་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་30ཉིན། 13:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་28ཉིན། ཆ་ཏེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བདེ་འཇགས་དྲན་སྐུལ་ཁྱབ་བསྒྲགས་བྱས་པ་རེད།

   ཆ་ཏེའི་ཙུང་ཐུང་ལས་ཤག་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་27ཉིན་གྱི་དགོང་མོ་ཆ་ཏེ་མཚེའུ་ས་ཁུལ་གྱི་དམག་དོན་རྟེན་གཞི་ཞིག་ལ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་ནས། དམག་མི་40ལྷག་ཙམ་ཤི་རྨས་བྱུང་ཡོད། ཙུང་ཐུང་ཀྲང་མུའུ་ཧན་མོ་ཏེས་དམག་དོན་བྱ་སྤྱོད་སྤེལ་ནས་འཇབ་རྒོལ་པ་རྗེས་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    ཉེ་ཆར་ཆ་ཏེའི་ཉེ་འཁོར་ནི་ཀྲེར་དང་། མ་ལི། པུ་ཅི་ན་ཧྥ་སོ་སོགས་རྒྱལ་ཁབ་ཁག་ལ་བསྟུད་མར་འཇིགས་སྐུལ་གྱི་འཇབ་རྒོལ་ཐེངས་མང་ཐོན་པ་དང་། ས་ཧོ་ལེ་ས་ཁུལ་གྱི་བདེ་འཇགས་གནས་ཚུལ་དེ་ཙམ་ཡག་པོ་མེད་པར་དམིགས་ནས། གཞུང་ཚབ་ཁང་གིས་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་སྒྲིག་གཞིར་གནས་སྐབས་ཆ་ཏེ་དམར་པོའི་(ཉེན་ཁ་ཆེ་ཤོས་)ས་ཁུལ་ཐི་པེ་སི་ཐི་དང་དེ་བཞིན་ཆ་ཏེ་མཚོ་དང་། པོའར་ཁུའུ། ཞི་ཨེན་ནེ་ཏི། ཏུང་ཨེན་ནེ་ཏི་སོགས་ལི་མདོག་གི་(ཉེན་ཁ་ཆེ་བ་)ས་ཁུལ་དུ་མི་འགྲོ་བ་དང་། ས་གནས་དེ་གར་ཡོད་པའི་མི་སྣ་རྣམས་བདེ་འཇགས་ཁུལ་དུ་མགྱོགས་མྱུར་ཕྱིར་འཐེན་དང་གནས་སྤོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། དེ་དང་ཆབས་ཅིག་ས་གནས་དེ་གའི་བདེ་འཇགས་གནས་བབ་ལ་དོ་སྣང་བྱས་ནས། དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཕྱིར་བསྐྱོད་མི་རུང་། གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་ཐུག་ཚེ་དུས་ཐོག་ཏུ་ཉེན་བརྡ་སྐྱེལ་བ་དང་གཞུང་ཚབ་ཁང་ལ་འབྲེལ་གཏུག་བྱ་དགོས།

    ཆ་ཏེའི་ཉེན་བརྡ་གཏོང་བའི་ཁ་པར་ནི།117

    གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་སྲུང་སྐྱོང་དང་གཞོགས་འདེགས་ཁ་པར་ཨང་གྲངས།+235 958 28215ཡིན།