འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་29ཉིན།

༄༅།།མི་110རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་29ཉིན། 15:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་གནོད་འཚེ་གཅོག་པའི་དོ་དམ་ཨུ་ལྷན་གྱིས་ཚེས་27ཉིན་གྱི་དགོང་མོར་བརྡ་ཁྱབ་བཏང་ནས་བཤད་དོན། ཚ་ཁུལ་གྱི་རླུང་འཚུབ་ཆེན་མོ་“ཐན་མེ་”ལས་ཐོན་པའི་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེའི་ཁྲོད་རྒྱལ་ཁབ་དེའི་མི་110རྐྱེན་ལམ་དུ་ཤོར་བ་དང་། མི་71ལ་རྨས་ཕོག་པ། གཞན་ཡང་མི་42གར་སོང་ཆ་མེད་དུ་གྱུར་ཡོད།

བརྡ་ཁྱབ་ནང་། “ཐན་མེ་”ཡིས་ཧྥི་ལི་ཕིན་གྱི་མི་ཁྲི་590ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་། མི་ཁྲི་57ལྷག་ཙམ་ཁ་འགྲེམས་བྱས་པ་དང་། གནོད་འཚེ་ཕོག་པའི་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཞིག་ལ་ཆུ་དང་གློག་ཆད་ཡོད་ལུགས་འཁོད་ཡོད་པ་རེད། ས་གནས་དེ་གའི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་20བར། འགྲོ་ལམ་220དང་ཟམ་པ་40སྔར་བཞིན་ཤར་བགྲོད་ཐུབ་ཀྱི་མེད་པ་རེད། “ཐན་མེ་”ཡིས་ས་གནས་དེ་གའི་ཞིང་ལས་ལ་གྱོང་གུན་པི་སུའོ་དུང་ཕྱུར་14.32(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་1.74རེད་)བཟོས་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་གྱོང་གུན་པི་སུའོ་དུང་ཕྱུར་9.94(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་1.21རེད་)བཟོས་པ་རེད།