འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་26ཉིན།

༄༅།།བྲག་ཕུག་འདིའི་རིང་ཚད་ལ་སྤྱི་ལེ་437.1འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་25ཉིན། 14:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     

ཟླ་10ཚེས་24ཉིན། ཀུའེ་ཀྲོའུ་སུའེ་དབྱང་ཧྲོང་ཧའོ་བྲག་ཕུག་གི་རྒྱལ་སྤྱིའི་བྲག་ཕུག་ཚན་རིག་རྟོག་ཞིབ་ཐེངས་23པའི་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཀུའེ་ཀྲོའུ་སུའེ་དབྱང་ཧྲོང་ཧའོ་བྲག་ཕུག་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་འཚོགས་པ་རེད། ཀྲུང་གོ་དང་། ཧྥ་རན་སེ། ཕོར་ཐིའུ་ཀལ། སི་ཕེན་སོགས་རྒྱལ་ཁབ་ཀྱི་བྲག་ཕུག་ཐད་ཀྱི་རིགས་གཅིག་མཁས་ཅན་ཚོགས་འདུར་ཞུགས་ཡོད་པ་རེད།

    མཉམ་འབྲེལ་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་ཐོག་ནས་མངོན་པར། མིག་སྔར་ཧྲོང་ཧའོ་བྲག་ཕུག་ལ་བྲག་ཕུག115ཕན་ཚུན་སྦྲེལ་ཡོད་ཅིང་། རིང་ཚད་སྤྱི་ལེ་437.1བར་རིང་དུ་ཕྱིན་ཏེ། མུ་མཐུད་འཛམ་གླིང་གི་ཨང་གསུམ་པ་དང་ཨེ་ཤ་ཡའི་བྲག་ཕུག་རིང་ཤོས་ཨང་དང་པོར་སླེབས་ཡོད་པ་རེད། གཞན་ཡང་། གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོའི་གྲངས་འབོར་དང་སྣ་ཁ་ཚང་མ་མང་དུ་ཕྱིན་ཡོད་པ་རེད། ཚན་རིག་རྟོག་ཞིབ་རིགས་གཅིག་མཁས་ཅན་ཚོས་བསྟུད་མར་ཧྲོང་ཧའོ་བྲག་ཕུག་ཚོགས་ཀྱི་ཁྲོད་ནས་དོམ་ཁྲའི་འགྱུར་རྡོ་6དང་། དེ་བཞིན་ཀྲུང་ཧྭའི་རྒྱ། སུའུ་མོན་ཏ་ལའི་བསེ་རུ་སོགས་རྨིག་ལྡན་སྲོག་ཆགས་ཀྱི་འགྱུར་རྡོའི་རྒྱུ་ཆ་འབོར་ཆེན་གསར་དུ་རྙེད་ཡོད།