གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་21ཉིན། 11:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤར་རྒྱུད་གཡུལ་འགྱེད་ས་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཚོ་དམག་ཏ་ཞའོ་ལི་ཞི་ཡིས། ཚེས་20ཉིན་ཨ་རིའི་“ཞི་ཅིན་སི་”རྟགས་ཅན་མཐར་སྐྲོད་གཏོང་བྱེད་དམག་གྲུ་དང་། ཁ་ན་ཏའི་“ཝུན་ཀེ་ཧྭ་”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐའེ་ཝན་མཚོ་འགག་ཏུ་བསྐྱོད་པ་མ་ཟད་མངོན་གསལ་འུད་སྒྲོག་ཀྱང་བྱས་པ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་གཡུལ་འགྱེད་ས་ཁུལ་གྱིས་མཚོ་དམག་དང་མཁའ་དམག་གི་དམག་ཤུགས་སྒྲིག་འཛུགས་བྱས་ནས། ཨ་རི་དང་ཁ་ན་ཏའི་དམག་གྲུ་བསྐྱོད་པའི་བྱ་སྤྱོད་སྤེལ་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཡོད། ཨ་རི་དང་ཁ་ན་ཏའི་བྱ་སྤྱོད་ཀྱིས་ཟིང་ཆ་བསླངས་ནས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་རེད། འཐབ་ཁུལ་གྱི་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་བྱ་རྒྱུ་ཡིན་ཞེས་བཤད།