འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་18ཉིན།

༄༅།།སྡོད་ཁང་ཐད་སྲིད་ཇུས་གསར་པ་འདི་བཏོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་18ཉིན། 15:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཧྲང་ཧའེ་གྲོང་ཁྱེར་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གནས་འཕྲིན་ཡོངས་བསྒྲགས་བྱས་དོན། ཧྲང་ཧའེ་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ཨུ་ལྷན་གྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད། ཧྲང་ཧའེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར། ལེགས་བཅོས་རྣམ་པའི་སྡོད་ཁང་གཉིས་པར་གཏན་འཁེལ་བྱས་པའི་ཐོག་མའི་དངུལ་སྤྲོད་པའི་བསྡུར་ཚད་དམའ་ཤོས་དེ་25%ལ་ལེགས་སྒྲིག་བྱ་རྒྱུ་དང་། ལེགས་གཏོང་རྣམ་པའི་སྡོད་ཁང་གཉིས་པར་གཏན་འཁེལ་བྱས་པ་མ་ཟད། དངུལ་བུན་གཡར་ནས་ཉོས་པའི་སྡོད་ཁང་ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ལིན་ཀང་ཁུལ་གསར་པ་དང་། དེ་བཞིན་ཅ་ཏིང་དང་། ཆིང་ཕུའུ། སུང་ཅང་། ཧྥེང་ཞན། པའོ་ཧྲན། ཅིན་ཧྲན་བཅས་སྲིད་འཛིན་ཁུལ་6གི་ས་ཁོངས་སུ་གནས་ན། ཐོག་མའི་དངུལ་སྤྲོད་པའི་བསྡུར་ཚད་དམའ་ཤོས་དེ་20%ལ་ལེགས་སྒྲིག་བྱ་རྒྱུ་རེད།

བརྡ་ཐོའི་ནང་མངོན་གསལ། སྲིད་ཇུས་དེ་2024ལོའི་ཟླ་10ཚེས་18ཉིན་ནས་བཟུང་ལེགས་སྒྲིག་བྱ་རྒྱུ་རེད། 2024ལོའི་ཟླ་10ཚེས་18ཉིན་གོང་བདག་སྤྲོད་བྱས་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་སྔའི་སྲིད་ཇུས་གཞིར་བཟུང་ལག་བསྟར་བྱ་རྒྱུ་དང་། 2024ལོའི་ཟླ་10ཚེས་18ཉིན(ཉིན་དེ་ཚུད་པ)རྗེས་བདག་སྤྲོད་བྱས་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་བརྡ་ཐོ་འདི་ལྟར་ལག་བསྟར་བྱ་རྒྱུ་རེད།