འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་16ཉིན།

༄༅།།ས་གནས་ཁག་གི་མ་མཐའི་གླ་ཕོཊ་ཚད་གཞི་བསྒྲཊ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་16ཉིན། 14:21】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད།

གཞི་གྲངས་ལ་གཞིགས་ན། ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞིའི་ཐད་ཧྲང་ཧའེ་ནི་ཆེས་མཐོ་ཤོས་ཡིན་ཏེ། སྒོར་2690ཡིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཅང་སུའུ་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་གྱི་རིམ་པ་དང་པོའི་ཟླ་རེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་སྒོར་2490ཡིན་ཞིང་། རྒྱལ་ཡོངས་ཀྱི་ཨང་རིམ་གཉིས་པ་ཡིན། ཅི་ལིན་དང་། ཧུའུ་ནན། ཡུན་ནན་སོགས་ཀྱི་མ་མཐའི་གླ་ཕོགས་མཐོ་རུ་བཏང་ཡོད།