འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་15ཉིན།

༄༅།།རྒྱུ་སྐར་5གསར་དུ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་15ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ་ཀེ་ཅན་གྱིས་སྣེ་ཁྲིད་གནང་བའི་རྒྱལ་སྤྱིའི་ཚོགས་པས་GPUཡི་མཚན་གནས་ལྟེབ་རྩེག་དང་དྲིལ་བསགས་དབང་རྩའི་དྲ་རྒྱ་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་གཏིང་ཟབ་ཀྱི་རྩི་ཐབས་ཤིག་གསར་གཏོད་བྱས་པ་མ་ཟད། ཁའེ་ཕུའུ་ལེར(Kepler)གྱིས་2017ལོར་གློད་པའི་བརྟན་སྐར་འོད་འཇལ་གཞི་གྲངས་ཁྲོད་ཚངས་ཐིག་སའི་གོ་ལ་ལས་དམའ་བ་དང་། འཁོར་ལམ་གྱི་འཁོར་ཡུན་ཉིན་གཅིག་ལས་ཐུང་བའི་འཁོར་ཡུན་ཐུང་བའི་རྒྱུ་སྐར་ལྔ་ཤེས་རྟོགས་བྱུང་ཡོད། དེའི་ནང་གི་རྒྱུ་སྐར་བཞི་ནི་ད་བར་ཤེས་རྟོགས་བྱུང་བའི་རྒྱུ་སྐར་གཙོ་བོ་དང་ཐག་ཉེ་ཤོས་ཀྱི་རྒྱུ་སྐར་ཆུང་ཤོས་དེ་ཡིན་པ་དང་། སྐར་མ་མིག་དམར་གྱི་ཆེ་ཆུང་དང་འདྲ་པོ་ཡོད།

    འདི་ནི་གནམ་དཔྱད་རིག་པ་མཁས་ཅན་གྱིས་མི་ཐབས་རིག་ནུས་སྤྱད་དེ་ཐེངས་གཅིག་ལ་བརྡ་རྟགས་རིགས་འདྲ་བཙལ་འཚོལ་དང་བརྡ་རྟགས་ངོ་མ་དབྱེ་འབྱེད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་ཞིག་ཡིན་པ་དང་། ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་གནམ་དཔྱད་རིག་པའི་དུས་དེབ《གོང་མ་ཚང་གནམ་དཔྱད་རིག་པ་ལྷན་ཚོགས་ཀྱི་ཟླ་རེའི་དུས་དེབ》(MNRAS)ཐོག་བཀོད་ཡོད་པ་རེད།