འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་14ཉིན།

༄༅།།ཨ་རིའི་མེ་ཤུགས་འཕུར་མདེལ་འདི་བདེ་བླག་ངང་ཕྱིར་བསྡུས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་14ཉིན། 13:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིས(SpaceX)“སྐར་གྲུ”ཏེ་ཁེ་ས་སི་མངའ་སྡེ་རུ་ཚོད་ལྟ་ཐེངས་5པ་བྱས་པ་རེད། ཨ་རིའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་སིས་བསྒྲགས་དོན། འཕེན་གཏོང་མཐོ་ལྕོག་གི་འཕྲུལ་འཁོར་དཔུང་པས་ས་ངོས་ལ་ཕྱིར་ལོག་པའི་རིམ་འདས་མེ་ཤུགས་འཕུར་མདེལ་ལྕི་རིགས(Super Heavy)བདེ་བླག་ངང་བཟུང་ཐུབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།“སྐར་གྲུ”མེ་ཤུགས་འཕུར་མདེལ་གྱི་སྤྱིའི་རིང་ཚད་སྨི་120དང་། ཚངས་ཐིག་ལ་སྨི་9ཙམ་ཡོད། དེ་ཁག་གཉིས་ལས་གྲུབ་པ་ཞིག་རེད། རིམ་པ་དང་པོ་ནི་རིང་ཚད་སྨི་70ཙམ་ཡོད་པའི“རིམ་འདས་ལྕི་རིགས”ཀྱི་མེ་ཤུགས་འཕུར་མདེལ་གྱི་འདེད་རོགས་ཡོ་བྱད་ཡིན་པ་དང་། རིམ་པ་གཉིས་པ་ནི“སྐར་གྲུའི”འཕུར་གྲུ་ཡིན། རིམ་པ་དེ་གཉིས་ཀ་བསྐྱར་སྤྱོད་བྱས་ཆོག མེ་ཤུགས་འཕུར་མདེལ་དེའི་ཇུས་འགོད་དམིགས་འབེན་ནི་སའི་གོ་ལའི་འཁོར་ལམ་དང་། ཟླ་བའི་གོ་ལ། ཐ་ན་སྐར་མ་མིག་དམར་བཅས་སུ་མི་དང་དངོས་ཟོག་སྐྱེལ་རྒྱུ་དེ་ཡིན།