འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་14ཉིན།

༄༅།།བོད་ལྗོངས་ལྷ་སར་ཤྭ་བ་ཞིག་བསྐྱབས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་12ཉིན། 13:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    

ཉིན་དེར། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་རྨས་སྐྱོན་ཕོག་པའི་རྒྱལ་ཁབ་ཀྱི་སྲུང་རིམ་གཉིས་པའི་རི་དྭགས་ཤྭ་བ་སེར་ཆེན་ཞིག་གཙང་པོ་བརྒལ་སྐབས་ཆུའི་ནང་ལུས་སྐབས། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ་དང་། ཕྱུགས་རིགས་སྨན་པས་གནས་ཚུལ་དེ་ཤེས་འཕྲལ་ཆུ་ཁར་བསྐྱོད་དེ་རོགས་སྐྱོབ་བྱས་ཏེ་ཤྭ་བ་དེ་བསྐྱབས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ལོ་རེ་བཞིན་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་གཡས་གཞོགས་གཡོན་འདེགས་ཐོག་ནས་སྐྱོབ་རོགས་བྱེད་ཀྱི་ཡོད།