གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་09ཉིན། 15:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨེ་ཅིབ་ཀྱི་གསར་འགྱུར་མི་སྣས་ཚེས་8ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱི་(ཧ་མ་སི་)ཡི་འཐུས་མི་ཚོགས་པ་ཁའེ་ལོར་འབྱོར་ཏེ། ཕ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་(ཧྥ་ཐ་ཧི་)ཡི་འཐུས་མི་དང་མཉམ་དུ་ཀཱ་ཟའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
གོ་ཚོར་བྱུང་མིས་བཤད་དོན་དུ། ཧ་མ་སིའི་འཐུས་ཚབ་ཚོགས་པ་ནི་མཐོ་རིམ་དཔོན་པོ་ཧ་ལེ་ལེ་·ཧ་ཡ་ཡིས་སྣེ་ཁྲིད་པ་དང་། གྲོས་མོལ་ནི་ཨེ་ཅིབ་ཀྱི་མདོ་འཛིན་འོག་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་ཆེན་པོ་གཉིས་ཧ་མ་སི་དང་ཧྥ་ཐ་ཧི་འདི་གཉིས་བར་གྱི་འདུམ་འགྲིག་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། གྲོས་མོལ་གྱི་གྲོས་དོན་གཙོ་བོའི་ནང་ཀཱ་ཟ་ས་ཁུལ་གྱི་ཉེ་ལམ་གནས་བབ་དང་། ཀཱ་ཟ་ས་ཁུལ་དང་ཨེ་ཅིབ་བར་གྱི་ལ་ཧྥ་འགག་སྒོའི་འབྱུང་འགྱུར་སོགས་ཚུད་ཡོད། དབྱི་སི་རལ་གྱིས་ཉེ་ལམ་ལ་ཧྥ་འགག་སྒོའི་ཀཱ་ཟ་ས་ཁུལ་གྱི་གཞོགས་གཅིག་ལ་ཚོད་འཛིན་བྱས་ཡོད།
ན་ནིང་ཟླ་10པའི་ཚེས་7ཉིན་ཕ་དབྱི་འགལ་བ་གསར་པ་བྱུང་བ་དེ་ལོ་གཅིག་རིང་རྒྱུན་འཁྱོངས་བྱས། ཕ་ལེ་སི་ཐན་ཀཱ་ཟ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཟླ་འདིའི་ཚེས་6ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བ་དེས་ཕ་ལེ་སི་ཐན་པ་ཁྲི་4.2ལ་ཉེ་བ་ཤི་བ་དང་། མི་ཁྲི་9.7ལས་བརྒལ་བར་རྨས་ཕོག་ཡོད།