གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་09ཉིན། 13:54】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་10ཚེས་8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས། གསར་འགོད་པ་ཞིག་གིས། “རྒྱལ་སྟོན་”ངལ་གསོའི་རིང་། ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བ་མང་བའི་སྐོར་ལ་དྲི་བ་བཏོན།
མའོ་ཉིང་གིས། “ཀྲུང་གོར་ཡུལ་སྐོར་”དུ་ཡོང་མཁན་མང་དུ་ཕྱིན་པ་འདིའི་ཐོག་ནས་ཀྲུང་གོའི་ཡིད་དབང་འགུག་ཤུགས་དང་སྒོ་དབྱེའི་རྣམ་འགྱུར་མངོན་ཡོད། ཀྲུང་གོས་རྒྱལ་ཁབ་24དང་ཁྱོན་ཡོངས་ནས་ཕན་ཚུན་ཐོངས་མཆན་སྤྲོད་མི་དགོས་པ་དང་། རྒྱལ་ཁབ་16ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ། རྒྱལ་ཁབ་54ལ་ཆུ་ཚོད་72སམ་ཡང་ན་ཆུ་ཚོད་144རིང་རྒྱལ་མཚམས་ལས་སྒྲོལ་བའི་ཐོངས་མཆན་འགོད་མི་དགོས་པ་ལག་བསྟར་བྱས་པ། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་བརྒྱུད་རིམ་རྒྱུན་ཆད་མེད་པར་སྟབས་བདེ་རུ་བཏང་བ། ཀྲུང་གོ་ཉམས་ལེན་བྱེད་པར་ཡོང་རྒྱུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད་ལུགས་བཅས་བསྟན་པ་དང་།
ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཇེ་ཆེར་བཏང་བ་དང་ས་མཚམས་ཀྱི་འགྲོ་འོང་སྟབས་བདེ་བའི་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་འགྲོ་སྲིད། ང་ཚོས་གྲོགས་པོ་ཕྱི་རྒྱལ་བ་སྔར་ལས་མང་པོ་ཞིག་ཀྲུང་གོར་ཡུལ་སྐོར་དུ་ཡོང་བ་དང་། མཛེས་སྡུག་ལྡན་པའི་རི་ཀླུང་རོལ་མྱོང་བྱེད་པ། ཀྲུང་གོ་ཤེས་རྟོགས་བྱེད་པ་བཅས་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།