གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་09ཉིན། 13:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་གྱི་དགོང་མོར་ཀ་ཟཱ་ས་ཁུལ་གྱི་མཐའ་མཚམས་ཉེ་འགྲམ་དུ་གནས་པའི་དབྱི་སི་རལ་ལྷོ་རྒྱུད་ཀྱི་སི་ཏའེ་ལུའོ་ཐེ་དང་དེ་བཞིན་མཐའ་འཁོར་གྲོང་ཁྱེར་དང་གྲོང་རྡལ་གྱིས་མཁའ་ཟོན་ཉེན་བརྡ་བཏང་སྟེ། དམག་དཔུང་གིས་ཀ་ཟཱའི་ཕྱོགས་ནས་འཕངས་པའི་མེ་ཤུགས་འཕུར་མདེལ་གཉིས་མཁའ་ཟོན་དཔུང་སྡེས་གཏོར་ཡོད་ཅེས་བཤད་པ་རེད།
ཕ་ལེ་སི་ཐན་དབྱི་སི་ལན་རྩ་འཛུགས(ཅེ་ཧ་ཏེ)མངའ་འོག་གི་དྲག་ཆས་ཤོག་ཁག“གནས་མཆོག་མདའ་ཤོག”གིས་ད་ཐེངས་ཀྱི་འཇབ་རྒོལ་ལ་འགན་འཁུར་རྒྱུ་ཡིན་ཞེས་བསྒྲགས།