གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་09ཉིན། 10:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་དང་ཐེ་ལན་གྱི་འཁྱགས་ཐོག་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་པང་ཁོག་གི་ཐེ་ལན་རྒྱལ་སྤྱིའི་འཁྱགས་ཐོག་སྤོ་ལོ་ཁང་དུ་གཉེར་ཞིང་། ཛ་དྲག་གི་འགྲན་བསྡུར་བྱས་མཐར་ཀྲུང་གོའི་རྒྱལ་ཁབ་ཀྱི་བུད་མེད་འཁྱགས་ཐོག་སྤོ་ལོའི་རུ་ཁག་དང་ཐེ་ལན་རྒྱལ་ཁབ་ཀྱི་བུད་མེད་འཁྱགས་ཐོག་སྤོ་ལོའི་རུ་ཁག་གཉིས་ཀྱི་བསྡུར་གྲངས་6:6ཡིན་པ་རེད།
བསྡུར་ཐེངས་དང་པོའི་སྐར་མ་གསུམ་ནང་། ཐེ་ལན་རུ་ཁག་གི་ཚབ་བྱས་ནས་འགྲན་བསྡུར་ལ་ཞུགས་མཁན་ཐེ་ལན་གྱི་རྒྱལ་མོ་སུའུ་ཐི་ཏ་ཡིས་སྤོ་ལོ་དང་པོ་དེ་བླུགས། དེ་རྗེས་ཕྱོགས་གཉིས་པོའི་རུ་མིས་མུ་མཐུད་ཕར་རྒོལ་དང་འགོག་སྲུང་བྱས་པ་དང་། བསྡུར་གྲངས་ཀྱང་རེས་མོས་ཀྱིས་འཕར་ཡོད། ལྟ་སྟེགས་ཐོག་གི་ཀྲུང་གོ་དང་ཐེ་ལན་གྱི་ལྟད་མོ་བས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་དགའ་འབོད་བྱས་པས་འགྲན་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་དུ་སོང་ཡོད། མཐར་མཛའ་གྲོགས་འགྲན་བསྡུར་དེ་6:6གི་བསྡུར་གྲངས་ཐོག་ནས་མཇུག་འགྲིལ་བ་རེད།