འཚོལ་བཤེར།   
藏文频道
2024ལོའི་ཟླ་10ཚེས་8ཉིན།

༄༅།།ཚེ་གང་རིང་ཡོང་མི་ཆོག་པ་བཟོས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 10ཚེས་08ཉིན། 13:47】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉི་སྟེང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཁོར་ཡུག་སྲུང་སྐྱོང་ཁང་གི་འགོ་འཛིན་གཞོན་པ་ལེའང་དབྱིང་ཤིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྟོན་གུང་གསེང་རིང་མཛེས་ལྗོངས་ཁུལ་གྱིས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་འགག་གནད་དང་ས་ཁོངས་གལ་ཆེན་དུ་སྐོར་གཡེང་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད། ཡུལ་སྐོར་བས་སྒྲིག་ཆས་ཁུར་ནས་སྒོ་ཕྱེ་མེད་པའི་ས་ཁོངས་སྒྲོལ་རྒྱུའི་གྲ་སྒྲིག་བྱེད་པ་ལས་དོན་མི་སྣས་མཐོང་སྐབས་ཕྱིར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད། དེའི་ནང་མི་5ཡིས་ལས་དོན་མི་སྣའི་ཁ་ཏ་བསླབ་བྱར་ཉན་ཁུལ་བྱས་ནས་ཁ་བྲལ་ཏེ་སོང་། དེ་རྗེས་ལྐོག་རུ་ཕྱིར་ལོག་པ་མ་ཟད། དེ་ལྟར་ཐེངས་མང་བསྐྱར་ཟློས་བྱས། གཞན་ཡང་། ལས་དོན་མི་སྣས་གནས་ཁུལ་གཙང་སེལ་བྱེད་སྐབས་མི་3གྱིས་ནགས་གསེབ་ཏུ་ཡིབ་ནས་བསྡད་དེ་གནས་ཡུལ་གཙང་སེལ་གྱི་ལས་དོན་ལེགས་གྲུབ་བྱས་རྗེས། སྒོ་ཕྱེ་མེད་པའི་ས་ཁོངས་སྒྲོལ་འགོ་ཚུགས། མི་3པོ་དེ་དག་གིས་གནས་ཡུལ་གྱི་སྒོ་ལྕགས་ཕྱེ་བ་དང་། གནས་ཡུལ་གྱི་ལྟ་སྐུལ་ཚོད་འཛིན་གློག་སྐུད་ཀྱང་བཅད་དེ་དགོང་མོ་གནས་ཡུལ་དུ་སྡོད་རྩིས་བྱས། སྟབས་ལེགས་པར་ལྟ་སྐུལ་ཚོད་འཛིན་གྱི་གློག་སྐུད་མ་བཅད་གོང་ལས་དོན་མི་སྣས་ཤེས་རྟོགས་བྱུང་ནས། འཕྲལ་མར་མི་སྣ་བཀོད་སྒྲིག་བྱས་ཏེ་རང་དགར་འཛུལ་བའི་ཡུལ་སྐོར་བ་ཕྱི་རུ་ཁྲིད་དུ་བཅུག་པ་རེད།