ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་ཇུས་འགོད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 10ཚེས་01ཉིན། 09:49】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། མི་རིགས་ཀྱི་རོལ་ཆས་སྤྱད་ནས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་མཚོན་པའི“ང་དང་ངའི་མེས་རྒྱལ། དུས་ནམ་ཡང་བྲལ་ཐབས་མི་འདུག”ཅེས་པ་དཀྲོལ་གཏོང་བྱས།
ཡངས་ཤིང་ལྟ་ན་སྡུག་ལ་འབྱོར་ཕྱུག་ལྡན་པའི་འཛིན་མའི་ཁྱོན་འདིར། མི་རིགས་ཁག་གི་མི་དམངས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་དེ་ནི་ཀྲུང་གོ་ཡིན། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་ཡིན། ཚང་མར་ཐུན་མོང་གི་མིང་ཞིག་ཡོད་པ་དེ་ནི་ཀྲུང་གོ་བ་ཡིན། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན།