གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་30ཉིན། 14:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9པའི་ཚེས་26ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁོངས་ཀྱི་ས་ཕུ་གངས་རི་དང་། གནམ་སྔོན། མཚོ་བཅས་ལས་མཛེས་སྡུག་ལྡན་པའི་སྣོད་བཅུད་ཀྱི་རི་མོ་ཞིག་གྲུབ་ཡོད། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་སྔར་བས་མང་པོ་ས་ཕུ་གངས་རིའི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་ཉམས་སུ་མྱོང་བར་ཡོང་གི་ཡོད་པ་རེད།