འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་29ཉིན།

༄༅།།ཉིན་7རིང་རིན་མི་དགོས་པར་བསྐྱོད་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་29ཉིན། 14:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་སྟོན་གུང་གསེང་རིང་ཕྱིར་སྐྱོད་ཞབས་ཞུ་འགན་ལེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་ཀྲོའུ་རུང་ཧྥུང་གིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ད་ལོའི་རྒྱལ་སྟོན་གྱི་གུང་གསེང་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤར་བགྲོད་གྲོན་བསྡུའི་གཞུང་ལམ་དུ་རླངས་འཁོར་ཆུང་གྲས་བདུན་མན་གྱི་(བདུན་ཚུད་པ་) གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། རིན་མེད་ངང་ཤར་བགྲོད་ཀྱི་དུས་ཚོད་ཟླ་10པའི་ཚེས་1ཉིན་གྱི་ཆུ་ཚོད་0ནས་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་24བར་ཡིན་ཞེས་བཤད་པ་རེད།