འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་29ཉིན།

༄༅།།འགོ་ཁྲིད་འདི་དག་གི་གོ་གནས་བསྐོ་འཐེན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་29ཉིན། 14:41】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས།

ཧྲེན་ཧུང་པིང་དང་ཀུའོ་ཡན་ཧུང་(བུད་མེད)རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་གཞག་བྱས་པ་དང་། ཧྲེན་ཏན་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས། ཀྲང་ཡུང་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས)ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས་པ་དང་། ཧྲེན་ཧུང་པིང་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱས། ལི་གོ་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་དམག་སྤྱི་གཞོན་པར་བསྐོ་གཞག་བྱས་པ་དང་། དབྱང་ཡུང་ཕིང་ལན་ཀྲོའུ་སློབ་ཆེན་གྱི་སློབ་གཙོར(པུའུ་ཀྲང་གཞོན་པའི་རིམ་པ)བསྐོ་གཞག་བྱས་པ་རེད།

ཝང་ཧོ་ཧྲེང་དང་ཡུས་ཞུའེ་ཅུན་གྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཧོང་ཧྲོའུ་ཧུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱས། ལི་ཡུས་ལུའུ་ཡི་རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས)ཀྱི་ཅུས་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཝང་ཧོ་ཧྲེང་གི་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་ཕྱིར་འཐེན་བྱས། ཡན་ཁྲུན་ཧྭ་ཡི་ལན་ཀྲོའུ་སློབ་ཆེན་གྱི་སློབ་གཙོ་ཡི་གོ་གནས་ཕྱིར་འཐེན་བྱས་པ་རེད།